འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མངའ་རིས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་གློག་དྲ་ཕྱོགས་ཡོངས་ནས་
    སྐྲུན་འགོ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་10ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པས་ཉེ་ཆར་འཚོགས་པའི་བོད་ལྗོངས་མངའ་རིས་ཀྱི་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭའི་འགོ་འཛུགས་སྐུལ་སློང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར། མངའ་རིས་ས་ཁུལ་གྱི་དགེ་རྒྱས་དང་། རུ་ཐོག རྩྭ་མདའ། སྒར་བཅས་རྫོང་བཞིས་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་བཙུགས་པ་དེ་ཐོག་ནས་མངའ་རིས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་གློག་དྲ་འཛུགས་སྐྲུན་ཕྱོགས་ཡོངས་ནས་འགོ་བཙུགས་པ་མཚོན་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་ས་ཁུལ་གྱི་2017ལོ་ནས་2018ལོ་བར་གྱི་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭར་ཁྱོན་རྣམ་གྲངས་17ཡོད་པ་དང་། མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་12.15ཟིན་པ་དེའི་ནང་ཆན་ཕུའུ་35ཡི་རྣམ་གྲངས་13ལ་མ་འཇོག་སྒོར་དུང་ཕྱུར་7.25དང་། ཆན་ཕུའུ་10ཡི་གློག་དྲའི་ལྷན་སྦྱར་རྣམ་གྲངས་4ལ་མ་འཇོག་སྒོར་དུང་ཕྱུར་4.89ཟིན་ཡོད་པ་རེད།
          མངའ་རིས་ས་ཁུལ་གློག་གཏོང་ཀུང་སིའི་ཅིང་ལི་གཞོན་པ་ཧྲེན་ཝུའེ་ཡིས་གསར་འགོད་པར“མངའ་རིས་ས་ཁུལ་གྱི་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་ནི་མངའ་རིས་ས་ཁུལ་གྱི‘ལོ་ལྔ་ཚན་བཅུ་གསུམ་པའི’རིང་གློག་དྲ་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་དེ་ནི་ཞིང་འབྲོག་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་ཡོད་པ་རེད། རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭའི་དུས་ཚོད་ཛ་དྲག་པ་དང་། ལས་འགན་ལྕི་བ། གནམ་གཤིས་ཁོར་ཡུག་རྙོག་འཛིང་ཆེ་བ་སོགས་ཡོད་པ་དེས་ལས་གྲྭ་བདེ་བླག་ངང་ལེགས་སྒྲུབ་བྱ་རྒྱུར་འགྲན་སློང་ཧ་ཅང་ཆེན་པོ་འཕྲད་ཡོད། མངའ་རིས་གློག་གཏོང་ཀུང་སིས་ནུས་ཤུགས་ཡོད་རྒུས་ལས་གྲྭའི་རྣམ་གྲངས་དོ་དམ་ལས་དོན་ཡག་པོ་བསྒྲུབས་ཏེ་ཨར་ལས་ཀྱི་བདེ་འཇགས་དང་ལས་གྲྭའི་སྤུས་ཚད་འགན་ལེན་བྱས་ནས་ལས་གྲྭ་དེ་ཚད་གཞི་མཐོ་པོའི་སྒོ་ནས་ལས་མཇུག་བསྒྲིལ་ཏེ་གློག་གཏོང་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན”ཞེས་བཤད།
          མིག་སྔར། རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭའི་ཇུས་འགོད་ཞིབ་འཇུག་དང་། ལས་ཡུལ་དངོས་ཀྱི་རྩད་ཞིབ། ཨར་ལས་ཇུས་འགོད། ལས་འགོ་འཛུགས་རྒྱུའི་གྲ་སྒྲིག་བཅས་ཀྱི་ལས་དོན་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ་དང་། ཚན་པ་ཁག་གི་ཨར་ལས་སྟོབས་ཤུགས་གྲ་སྒྲིག་དང་དངོས་ཟོག་མཁོ་སྤྲོད་ཀྱིས་རྗེས་མཐུད་ཀྱི་ཨར་ལས་དང་ལས་སྒྲུབ་ཀྱི་དགོས་མཁོ་བསྐངས་ཡོད། ལས་གྲྭ་དེ་ནི་འདི་ལོའི་ཟླ་9ཚེས་30ཉིན་ལས་མཇུག་བསྒྲིལ་ནས་གློག་གཏོང་འགོ་འཛུགས་རྒྱུ་ཡིན་པས། འཁོར་སྐྱོད་བྱས་རྗེས་དགེ་རྒྱས་དང་། རུ་ཐོག རྩྭ་མདའ། སྒར་བཅས་རྫོང་བཞིའི་མང་ཚོགས་དུད་ཚང་7530ལ་འོད་ཤུགས་གློག་སྤྱོད་རྒྱུ་ཡོང་བ་དང་། མངའ་རིས་ས་ཁུལ་གྱི་གློག་གཏོང་ནུས་པ་ཇེ་ཆེར་ཕྱིན་ནས། མངའ་རིས་ས་ཁུལ་གྱི་གློག་དཀོན་པ་རྣམ་པ་ནུས་ལྡན་ངང་ཞི་ལྷོད་དུ་འགྲོ་རྒྱུ་དང་། ས་ཁོངས་ཀྱི་གློག་གཏོང་ཐད་ཀྱི་བློས་འགེལ་རང་བཞིན་ཆེ་རུ་ཏན་ཏིག་ཕྱིན་ཏེ་མངའ་རིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གློག་ཤུགས་ཀྱི་འགན་ལེན་དང་འདེགས་སྐྱོར་ནུས་ལྡན་ཐུབ་རྒྱུ་བྱ་རྒྱུ་དང་། རྫོང་བཞིའི་གྲོང་གསེབ་ཀྱི་གློག་དྲས་གློག་གཏོང་བའི་བློས་འགེལ་རང་བཞིན་དང་། བདེ་འཇགས་རང་བཞིན། བརྟན་ལྷིང་རང་བཞིན་བཅས་འཐུས་སྒོ་ཚང་དུ་ཕྱིན་ཏེ། རྫོང་བཞི་པོར་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱ་རྒྱུར་སྐུལ་མ་ཐེབས་རྒྱུ་ཡིན་པས། མངའ་རིས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ལམ་ཚད་རྡོ་རིང་གི་དོན་སྙིང་གལ་ཆེན་ལྡན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།