འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ནི་ཀྲེ་རི་ཡའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་གཏུམ་འགོག་རུ་ཁག་གིས་མཉམ་འབྲེལ་
    འཕྲལ་སྒྲུབ་ནང་སྦྱོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་10ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། མོང་ལུའོ་ཝེ་ཡེ་ནས་འབྱོར་བའི་གནས་ཚུལ་གཞིར་བཟུང་། ལི་པེ་རི་ཡའི་ས་གནས་དེ་གའི་དུས་ཚོད་ཚེས་6ཉིན་ལི་པེ་རི་ཡར་བཅའ་སྡོད་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་གཏུམ་འགོག་ཉིང་ལག་རུ་ཁག་ཁག་ལྔ་པས་ནི་ཀྲེ་རི་ཡའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་གཏུམ་འགོག་རུ་ཁག་དང་མཉམ་དུ་མིང་ལ་ཀྲུང་ནེའི“ཞི་བདེའི་སྟོབས་ཤུགས་ 2017”ཞེས་པའི་མཉམ་འབྲེལ་འཕྲལ་སྒྲུབ་ནང་སྦྱོང་བྱས་པ་རེད།
          ད་ཐེངས་ཀྱི་མཉམ་འབྲེལ་ནང་སྦྱོང་དེ་ལི་པེ་རི་ཡར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་གཏོང་ཚོགས་པས་སྣེ་འཁྲིད་ནས་སྤེལ་བ་དང་། ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་གཏུམ་འགོག་རུ་ཁག་གིས་གཙོ་ཁྲིད་བྱས་ནས། “ལས་འགན་ཁུལ་དུ་ཐོལ་བྱུང་གི་དྲག་ཟིང་དང་ཟིང་ཆའི་དོན་རྐྱེན་ཐོན་པ”བརྗོད་གཞིར་བྱས་ཏེ་མཉམ་འབྲེལ་ཐོག་ཐག་གཅོད་བྱ་སྤྱོད་སྤེལ་བ་ཞིག་རེད།
         ལི་པེ་རི་ཡར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་གཏོང་ཚོགས་པའི་ཉེན་རྟོག་སྤྱི་ཁྱབ་ལྟ་ཞིབ་པ་ཤེ་མོང·པུའུ་ལ་ཆི་སོགས་ཉེན་རྟོག་སྡེ་ཚན་གྱི་དཔོན་རིགས་ད་རེས་ཀྱི་མཉམ་འབྲེལ་ནང་སྦྱོང་ནང་ཞུགས་པ་དང་ལྟ་སྦྱོང་བྱས་པ་མ་ཟད། ཚད་མཐོའི་གདེང་འཇོག་ཀྱང་བྱས་པ་རེད།
         ཀྲུང་གོ་ཕྱོགས་ཀྱི་ཉེན་རྟོག་གཏུམ་འགོག་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཁྲེན་ལི་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་མཉམ་འབྲེལ་ནང་སྦྱོང་བྱེད་དོན་ནི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་གཏུམ་འགོག་རུ་ཁག་གིས་ལི་པེ་རི་ཡར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་གཏོང་ཚོགས་པ་དང་ཉི་ཀྲེ་རི་ཡའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་གཏུམ་འགོག་རུ་ཁག་དང་མཉམ་འབྲེལ་ཐོག་དམག་འཐབ་བྱེད་པའི་ནུས་པར་ཤུགས་སྣོན་བརྒྱབ་ནས། ལས་འགན་ཁུལ་དུ་འཕྲད་སྲིད་པའི་འཇིགས་སྐུལ་གསར་པ་དང་འགྲན་སློང་གསར་པར་ཁ་གཏད་གཅོག་ཆེད་གྲ་སྒྲིག་ཨང་བསར་བྱས་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།