འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་དབྱེ་འབྱེད་ལས་དོན་ལ་སྐུལ་འདེད་
    ཤུགས་ཆེན་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་10ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་8ཉིན། སི་ཁྲོན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་དབྱེ་འབྱེད་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་ཞིང་། སླད་ཕྱིན་དབྱེ་འབྱེད་བེད་སྤྱོད་དང་། དབྱེ་འབྱེད་བསྡུ་ལེན། དབྱེ་འབྱེད་སྐྱེལ་འདྲེན། དབྱེ་འབྱེད་གཙང་སེལ་བཅས་ཀྱི་གད་སྙིགས་གཙང་སེལ་མ་ལག་འཛུགས་སྐྲུན་མགྱོགས་པོ་བྱས་ཏེ་འཚོ་བའི་གད་སྙིགས་དབྱེ་འབྱེད་ཚོད་ལྟའི་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་རེད།
         ཉེ་ཆར། སི་ཁྲོན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས་《སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་གྱི་ལོ་གསུམ་སྐུལ་འདེད་ཇུས་གཞི་》པར་འགྲེམས་བྱས་ཤིང་། སི་ཁྲོན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་དབྱེ་འབྱེད་བེད་སྤྱོད་དང་། དབྱེ་འབྱེད་བསྡུ་ལེན། དབྱེ་འབྱེད་སྐྱེལ་འདྲེན། དབྱེ་འབྱེད་གཙང་སེལ་བཅས་ཀྱི་གད་སྙིགས་གཙང་སེལ་མ་ལག་འཛུགས་སྐྲུན་མགྱོགས་པོ་བྱེད་པ་དང་ཆབས་ཅིག གད་སྙིགས་དབྱེ་འབྱེད་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གད་སྙིགས་དབྱེ་འབྱེད་ལམ་ལུགས་ཁྱབ་རྒྱ་ཆེ་རུ་ཧུར་ཐག་གཏོང་རྒྱུ་རེད།
         དུས་མཚུངས་སུ་བསྐྱར་སྐྱེས་ཐོན་ཁུངས་དབྱེ་འབྱེད་གཙང་སེལ་ལྟེ་གནས་དང་བེད་སྤྱོད་རྟེན་གཞི་འཛུགས་སྐྲུན་མགྱོགས་པོ་དང་བསྐྱར་སྐྱེས་ཐོན་ཁུངས་ཚུར་བསྡུ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ་ཐོག་མ་ཉིད་ནས་གད་སྙིགས་ཉུང་དུ་གཏོང་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།