འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཤིན་ཅང་གི་རིག་གནས་སྤེལ་རེས་ཚོགས་པ་ཨ་ཧྥུ་ཀ་ནི་སི་ཐན་དུ་འཚམས་འདྲིར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་10ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྒྲིག་འཛུགས་བྱས་པའི་ཀྲུང་གོའི་ཤིན་ཅང་རིག་གནས་སྤེལ་རེས་ཚོགས་པའི་མི་དྲུག་ཚེས་7ཉིན་ནས་བཟུང་ཨ་ཧྥུ་ཀ་ནི་སི་ཐན་དུ་དུས་ཡུན་ཉིན་3གྱི་མཛའ་གྲོགས་འཚམས་འདྲིར་བསྐྱོད་པ་དང་། རིག་གནས་ཁྱབ་ཁོངས་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ལས་རིགས་ཁག་དབར་གྱི་སྤེལ་རེས་དང་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་ཐུབ་རེ་བྱེད་ཀྱི་ཡོད།
          ཨ་ཧྥུ་ཀ་ནི་སི་ཐན་གྱི་དབུ་བཞུགས་ལག་བསྟར་དཔོན་ཨ་པུ་ཏུའུ་ལས་ཚེས་7ཉིན་གྲོང་ཁྱེར་ཁ་པུར་དུ་སྤེལ་རེས་ཚོགས་པ་དང་ཐུག་འཕྲད་གནང་ཞིང་། ཨ་པུ་ཏུའུ་ལས་སྤེལ་རེས་ཚོགས་པར་དགའ་བསུ་ཞུས་པ་དང་། ཁོང་གིས་ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་གིས་རིམ་པ་མང་པོའི་ཐོག་ནས་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོའི་ཤིན་ཅང་དང་ཨ་ཧྥུ་ཀ་ནི་སི་ཐན་ཐད་ཀར་ས་སྦྲེལ་ཡིན་པས། ད་རེས་སྤེལ་རེས་ཚོགས་པ་འཚམས་འདྲིར་ཕེབས་པ་ལས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ལས་རིགས་ཁག་གིས་ཕྱོགས་ཡོངས་ནས་ཤིན་ཅང་གི་འཕེལ་རྒྱས་དང་འགྱུར་ལྡོག་ལ་རྒྱུས་མངའ་གཏིང་ཟབ་ལོན་རྒྱུ་དང་ཨ་ཧྥུ་ཀ་ནི་སི་ཐན་དང་ཀྲུང་གོའི་ཤིན་ཅང་དབར་གྱི་མཉམ་ལས་སྤེལ་རེས་ལ་རྨང་གཞི་བརྟན་པོ་འདིང་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།