འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཁྲག་སྐྱེས་ཕྲ་ཕུང་ཨ་མ་ཞལ་འདེབས་འབུལ་ཐེངས་6444ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་10ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་8ཉིན་གསར་འགོད་པར་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པའི་སྤྱི་ཁྱབ་ཚོགས་པས་སྤེལ་བའི་འཛམ་གླིང་རྒྱ་གྲམ་དམར་པོའི་ཉིན་མོའི་གསར་འགྱུར་བརྡ་ཁྱབ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མིག་སྔར་རང་རྒྱལ་གྱི་ཁྲག་སྐྱེས་ཕྲ་ཕུང་ཨ་མ་ཤོང་ཚད་མི་ཁྲི་230ལྷག་ཙམ་ཟིན་པ་དང་རིམ་རྩིས་བརྒྱབ་ན་ཞལ་འདེབས་འབུལ་ཐེངས་6444ཟིན་ཡོད།
         ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པའི་འབྲེལ་ཡོད་འགན་ཁུར་བས་ཚོགས་འདུའི་ཐོག་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་ཁྲག་སྐྱེས་ཕྲ་ཕུང་ཨ་མ་དང་མི་ལུས་དབང་པོ་ཞལ་འདེབས་ཕུལ་བའི་ལས་དོན་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོན་ཡོད། 2016ལོ་ཁོ་ནར་ཁྲག་སྐྱེས་ཕྲ་ཕུང་ཨ་མ་ཐེངས་828ཞལ་འདེབས་ཕུལ་བ་དང་། རིམ་རྩིས་བརྒྱབ་ན། ཞལ་འདེབས་ཐེངས་6444ཕུལ་ཡོད་པའི་ནང་ཕྱི་ཕྱོགས་སུ་ཞལ་འདེབས་ཐེངས་254ཕུལ་ཡོད། དེ་དུས་མཚུངས་2016ལོར་རང་རྒྱལ་གྱིས་མི་ལུས་དབང་པོ་ཐེངས་4080ཞལ་འདེབས་ཕུལ་བ་དང་དབང་པོ་11296ཞལ་འདེབས་ཕུལ་བ་དེ་རིམ་རྩིས་བརྒྱབ་ན། ཞལ་འདེབས་ཐེངས་9996དང་དབང་པོ་27613ཞལ་འདེབས་ཕུལ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         གསར་དུ་བཟོ་བཅོས་བརྒྱབ་པའི་རྒྱ་གྲམ་དམར་རྟགས་ཚོགས་པའི་བཅའ་ཁྲིམས་ནང་རྒྱ་གྲམ་དམར་པོ་ཚོགས་པ"རིན་མེད་ཁྲག་སྦྱིན་འབུལ་དང་ཕུང་པོ་དང་མི་ལུས་དབང་པོ་ཞལ་འདེབས་ལ་སྐུལ་འདེད་གཏོང་བའི་ལས་དོན་ནང་ཞུགས་དགོས་པ་དང་། ཁྲག་སྐྱེས་ཕྲ་ཕུང་ཨ་མ་ཞལ་འདེབས་ཕུལ་བའི་ལས་དོན་ནང་ཞུགས་དགོས་པ"གསལ་པོར་བཏོན་ཡོད། འགན་ཁུར་བ་དེས་མི་ལུས་དབང་པོ་ཞལ་འདེབས་ཕུལ་བའི་ལས་དོན་ལ་དཔེ་བཞག་ན། ལས་དོན་དེ་ནི་རྒྱ་གྲམ་དམར་རྟགས་ཚོགས་པའི་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ཞིག་ཡིན་པ་གསལ་པོར་བཏོན་ཞིང་། དེས་ཚན་རིག་དང་མཐུན་པ་དང་། གཞུང་དྲང་། ཚད་ལྡན། ཁ་གསལ། མི་ཆོས་དང་མཐུན་པ་བཅས་ཀྱི་ཀྲུང་གོའི་མི་ལུས་དབང་པོ་ཞལ་འདེབས་དང་བརྗེ་བའི་མ་ལག་འཛུགས་རྒྱུར་ཕན་པ་ཡོད་ཅེས་བཤད་པ་རེད།
         གཞན་ཡང་རང་རྒྱལ་གྱི་དམངས་ལ་གོ་ཆོད་པའི་མྱུར་སྐྱོབ་ཤེས་བྱ་གསོ་སྦྱོང་ལས་དོན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཉེ་བའི་ལོ་གསུམ་རིང་རྒྱ་གྲམ་དམར་རྟགས་ཚོགས་པའི་སྐྱོབ་བཅོས་གསོ་སྦྱོང་ལག་ཁྱེར་ཐོབ་པའི་སྐྱོབ་བཅོས་པ་ཁྲི་700ཙམ་ཟིན་པ་དང་ལོ་ལྟར་སྐྱོབ་བཅོས་ཤེས་བྱ་ཁྱབ་གདལ་དང་ལེན་བྱེད་མཁན་མི་ཐེངས་ཁྲི་1000ལས་བརྒལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།