འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅུ་བཞི་པའི་(2017ལོ)ཀྲུང་གོའི་དགེ་སྒྲུབ་མིང་ཐོ་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་28ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་26ཉིན་སྐབས་བཅུ་བཞི་པའི(2017ལོ)ཀྲུང་གོའི་དགེ་སྒྲུབ་མིང་ཐོ་པེ་ཅིང་དུ་ཁྱབ་བསྒྲགས་བྱས་པ་རེད།
         ཀྲུང་གོའི་དགེ་སྒྲུབ་ཀྱི་མིང་ཐོ་དེ་ལོ་འཁོར་དུ་སྒོར་ཁྲི་100ཡན་ཞལ་འདེབས་རྒྱག་མཁན་གྱི་ཁེ་ལས་སམ་ཡང་ན་མི་སྒེར་གཙོ་བོར་འཛིན་གྱི་ཡོད། སྐབས་འདིའི་མིང་ཐོའི་ནང་ཚུད་པའི་དགེ་སྒྲུབ་པ་ཁྱོན་201ཡོད་པ་དེ་དག་གིས་2016ལོར་དངུལ་སྒོར་དུང་ཕྱུར་74.12ཞལ་འདེབས་བརྒྱབ་ཡོད་པ་དང་། མིང་ཐོའི་ཐོག་འཁོད་པའི་དགེ་སྒྲུབ་ཁེ་ལས་414ཡིས་2016ལོར་ཞབས་འདེབས་དངུལ་སྒོར་དུང་ཕྱུར་71.15བརྒྱབ་ཡོད། དུས་རབས་ཅིན་ཡོན་ཚོགས་པའི་ཏུང་ཧྲི་ཅུས་ཀྱི་ཀྲུའུ་ཞི་ཧོང་རུའུ་ལུན་གྱིས་དངུལ་སྒོར་དུང་ཕྱུར་4.54ཞལ་འདེབས་བརྒྱབ་པར་བརྟེན་དགེ་སྒྲུབ་མིང་ཐོའི་ནང་ཨང་དང་པོ་ཡིན་པ་དང་སྐབས་གསར་པའི་ཀྲུང་གོའི་དགེ་སྒྲུབ་པ་དང་པོར་གྱུར་ཡོད།
         དེ་དང་ཆབས་ཅིག་ཀྲུང་གོའི་ཐེབས་རྩ་ཚོགས་པའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། ཀྲུང་གོ་དབང་པོ་སྐྱོན་ཅན་ཕན་བདེ་ཐེབས་རྩ་ཚོགས་པས་དངུལ་སྒོར་དུང་ཕྱུར་5.5081ཞལ་འདེབས་བརྒྱབ་པར་བརྟེན་ལོ་འཁོར་གྱི་ཀྲུང་གོའི་སྤྱི་པའི་ཞལ་འདེབས་ཐེབས་རྩ་ཚོགས་པའི་མིང་ཐོའི་ནང་ཨང་དང་པོ་ཡིན་པ་དང་། ཧྥན་ཧའེ་སྤྱི་ཕན་ཐེབས་རྩ་ཚོགས་པས་ལོ་འཁོར་མོར་སྤྱི་ཕན་ལ་སྒོར་དུང་ཕྱུར་4.4979བཏང་བར་བརྟེན་སྤྱི་ཕན་ཞལ་འདེབས་མིན་པའི་ཐེབས་རྩ་ཚོགས་པའི་མིང་ཐོའི་ནང་ཨང་དང་པོར་སླེབས་ཡོད།
         སྐབས་འདིའི་དགེ་སྒྲུབ་མིང་ཐོ་ཁྱབ་བསྒྲགས་བྱེད་པའི་ཐོག་ལོ་འཁོར་གྱི་དགེ་སྒྲུབ་རྣམ་གྲངས་ཀྱི་བྱ་དགའ་སྤྲོད་པའི་ལམ་ལུགས་བཟོས་ཡོད་པ་དང་། ས་གནས་ས་ཐོག་ཏུ་ཁོ་ལེང་སྒྱུ་རྩལ་སྤྱི་ཕན་ཐེབས་རྩ་ལག་བསྟར་བྱེད་འགོ་ཚུགས་པ་དང་《2016ལོའི་ཀྲུང་གོའི་དགེ་སྒྲུབ་ཞལ་འདེབས་རྒྱབ་ཤ་སྔོན་པོའི་དེབ་》དེ་དང་ཆབས་ཅིག་ཁྱབ་བསྒྲགས་བྱས་པ་རེད།
        ཀྲུང་གོ་དགེ་སྒྲུབ་མིང་ཐོ་དེ་སྤྱི་ཕན་སྐབས་དོན་ཚགས་པར་ཁང་གིས་2004ལོ་ནས་བཟུང་ལོ་ལྟར་རྩོམ་བཟོ་ཁྱབ་བསྒྲགས་བྱེད་ཅིང་། མིང་ཐོ་ཁྱབ་བསྒྲགས་བྱེད་པའི་ཐད་མིག་དཔེའི་ནུས་པ་བཏོན་ནས་དེང་རབས་སྤྱི་ཕན་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དམིགས་ཡུལ་དུ་བྱེད་ཀྱི་ཡོད་པས། ཀྲུང་གོའི་འབྱོར་པ་ཅན་གྱི་གཅེས་སེམས་གཙང་ཐོ་ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད།
         གྲངས་གཞིའི་ཡོང་ཁུངས་གཙོ་བོ་དྲུག་ནི། དམངས་སྲིད་ཁོངས་གཏོགས་ཀྱིས་དང་ལེན་བྱས་པའི་ཞལ་འདེབས་ཀྱི་གྲངས་གཞི་དང་། ཞལ་འདེབས་རྒྱག་མཁན་གྱིས་མཁོ་འདོན་བྱས་པའི་གྲངས་གཞི། སྤྱི་ཕན་སྒྲིག་གཞིས་དང་ལེན་བྱས་པའི་ཞལ་འདེབས་ཀྱི་གྲངས་གཞི། ཚོང་རར་འདོན་པའི་ཀུང་སིའི་ལོ་འཁོར་རེ་ཞུའི་ཁྱབ་བསྒྲགས་གྲངས་གཞི། སྨྱན་སྦྱོར་གྱིས་ཁྱབ་བསྒྲགས་བྱས་པའི་ཞལ་འདེབས་གྲངས་གཞི། 《སྤྱི་ཕན་སྐབས་དོན་ཚགས་པར་》ཐོག་གི་སྤྱི་ཕན་ཡིག་ཚགས་གྲངས་གཞི་བཅས་ཡིན། གྲངས་གཞི་དེ་དག་ཕན་ཚུན་བསྡུར་བ་དང་དེ་བཞིན་ཆེད་ལས་ཀྱི་ཐོག་ནས་བརྟག་དཔྱད་ཞིབ་དཔྱད་བྱས་རྗེས་གཞི་ནས་མིང་ཐོ་བཟོ་གི་ཡོད།
        མིང་ཐོ་རྩོམ་བཟོའི་རྨང་གཞིའི་ཐོག་ལོ་འཁོར་གྱི་ཞལ་འདེབས་རྒྱག་མཁན་དང་པོ་འདེམས་པ་དང་། ཚེ་གང་གི་གྲུབ་འབྲས་བྱ་དགའ། ལོ་འཁོར་གྱི་དགེ་སྒྲུབ་པ་ཆེ་གྲས་བཅུ། དགེ་སྒྲུབ་ཁེ་ལས་ཆེ་གྲས་བཅུ། དགེ་སྒྲུབ་རྣམ་གྲངས་ཆེ་གྲས་བཅུ་སོགས་བྱ་དགའ་མང་པོའི་ཐོག་ནས་དགེ་སྒྲུབ་བྱ་བ་དར་སྤེལ་གཏོང་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།