འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།"སྙིང་བརྗེས་པའི་མི"ཡུས་ཝུན་ཧྥེང་གིས་སྙིང་བརྗེས་བཤགས་བཅོས་བྱས་རྗེས་འཚོ་གནས་
    ཐུབ་པའི་ཨེ་ཤ་ཡའི་ཟིན་ཐོ་གསར་དུ་གཏད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་28ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    སྨན་ཁང་ནས་རང་ལུས་ལ་བརྟག་དཔྱད་བྱེད་པ།
    སྨན་ཁང་ནས་རང་ལུས་ལ་བརྟག་དཔྱད་བྱེད་པ།
          མི་དམངས་དྲ་བའི་འཕྲིན། "ང་ལ་ད་དུང་ལོ་བཅུ་དང་ཉི་ཤུ། ཐ་ན་དེ་ལས་རིང་བའི་དུས་ཚོད་ནང་འཚོ་ཐུབ་པའི་ཡིད་ཆེས་འདུག"ཅེས་ཟེར་བ་འདི་ནི་ཧར་པིན་སྨན་དཔྱད་སློབ་ཆེན་ཁོངས་གཏོགས་སྨན་ཁང་གཉིས་པའི་ཚད་བརྒལ་སྒྲ་རླབས་ཚན་ཁག་དུ་སྙིང་ནད་ཚོན་ལྡན་ཚད་བརྒལ་སྒྲ་རླབས་ཞིབ་བཤེར་བྱས་ནས་དམིགས་ཚད་ཁག་རྒྱུན་ལྡན་ཡིན་པ་རྟོགས་རྗེས། སྙིང་བརྗེས་ནས་ལོ་23སོན་པའི་རྗེས་ཀྱི་ཡུས་ཝུན་ཧྥེང་ལ་མཚོན་ན། འབྱུང་འགྱུར་གྱི་འཚོ་བར་སྔར་བས་ཡིད་ཆེས་བརྟན་པོ་ཞིག་ཡོད་པ་རེད།
          ད་ལོར་དགུང་ལོ་56ཏུ་སོན་པའི་ཡུས་ཝུན་ཧྥེང་ནི་སྐད་ཆ་བཤད་ན་སྐད་ཤུགས་ཆེ་ཞིང་། གཞོན་སྐྱེས་ཁ་ཤས་དང་བསྡུར་ན་སྐྱེ་སྟོབས་ལྡན་ལ་བརྩོན་འགྲུས་ཀྱང་ཧ་ཅང་ཆེན་པོ་ལྡན་པ་ཞིག་ཏུ་གྱུར་ཡོད། ཁོང་ནི་ཧེ་ལུང་ཅང་ཞིང་ཆེན་ཧྲེང་ཀྲི་གྲོང་ཁྱེར་གྱི་མཐོ་འབྲིང་སློབ་གྲྭའི་དགེ་རྒན་ཞིག་ཡིན་ལ། 1993ལོར། རང་ལོ་32ལ་སོན་པ་ཁོང་ཉིད་གློ་བུར་དུ་སློབ་ཁྲིད་སྟེགས་བུ་ནས་བརྒྱལ་བར་གྱུར་ཅིང་། ནད་གཞི་བརྟག་རྗེས་རྒྱ་སྐྱེད་ཅན་གྱི་སྙིང་ཤའི་ནད་ཡིན་པ་ཤེས་པ་དང་། ནད་འདི་ནི་སྙིང་བརྗེས་བཤགས་བཅོས་མ་བྱས་ན་གསོན་ཐབས་མེད་པ་རེད། 
          1994ལོའི་ཟླ་2པར། ཡུས་ཝུན་ཧྥེང་གིས་ཧར་པིན་སྨན་དཔྱད་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་གཉིས་པར་སྙིང་བརྗེས་བཤགས་བཅོས་བྱས་ཤིང་། ད་ལོ་ནི་ཁོང་ཉིད་བཤགས་བཅོས་བྱས་ནས་ལོ་23ལོན་པའི་དུས་རེད་ལ། འདི་ལས་ཁོང་ཉིད་སྙིང་བརྗེས་པའི་རྗེས་ཨེ་ཤ་ཡར་འཚོ་གནས་ཐུབ་ཡུན་རིང་ཤོས་མཁན་ཞིག་ཏུ་གྱུར་པ་རེད།
    སྙིང་བརྗེས་བཤགས་བཅོས་གནང་མཁན་སྨན་པ་དང་སྤེལ་རེས་བྱེད་པ།
    སྙིང་བརྗེས་བཤགས་བཅོས་གནང་མཁན་སྨན་པ་དང་སྤེལ་རེས་བྱེད་པ།
      

    ཕྱོགས་བསྡུས་གསར་འགྱུར།