འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་སློབ་ཆེན་སློབ་མའི་ནུབ་རྒྱུད་དང་བླངས་ཞབས་ཞུའི་འཆར་གཞི་ལག་ལེན་
    བསྟར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་28ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་26ཉིན་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་། སློབ་གསོ་པུའུ། ནོར་སྲིད་པུའུ། མི་སྤྱི་པུའུ་བཅས་ཀྱིས་པེ་ཅིང་དུ་བརྙན་ལམ་ཆ་འཕྲིན་ཚོགས་འདུ་འཚོགས་ཏེ་2017ལོའི་སློབ་ཆེན་སློབ་མའི་ནུབ་རྒྱུད་དང་བླངས་ཞབས་ཞུའི་འཆར་གཞིའི་ལས་དོན་སྤེལ་འགོ་ཚུགས་པ་རེད།
           ཚོགས་འདུའི་ཐོག་ནུབ་རྒྱུད་འཆར་གཞི་ནི་ད་བར་རྒྱུན་རིང་ཤོས་དང་། ཞུགས་མཁན་མང་ཤོས། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཆེ་ཤོས། སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་རྒྱ་ཆེ་ཤོས། ལང་ཚོའི་གཏམ་རྒྱུད་ངོ་མཚར་ཆེ་ཤོས་བཅས་ཀྱི་དང་བླངས་ཞབས་ཞུའི་སྤུས་རྟགས་རྣམ་གྲངས་ཤིག་རེད། 2017ལོའི་ནུབ་རྒྱུད་འཆར་གཞིར་ཟླ་4ཚེས་6ཉིན་ནས་ཟླ་6ཚེས་10ཉིན་བར་མཐོ་སློབ་དཀྱུས་མའི་ལོ་འདི་གའི་སློབ་ཐོན་སློབ་མའམ་ཡང་ན་སློབ་གྲྭར་འགྲོ་མུས་ཀྱི་ཞིབ་འཇུག་སློབ་མ་མིང་ཐོ་འགོད་ཆོག་པ་དང(ཞིབ་ཕྲའི་གནས་ཚུལ་ནུབ་རྒྱུད་འཆར་གཞིའི་གཞུང་ཕྱོགས་དྲ་ཚུགས། xibu.youth.cnནང་ཞུགས་ནས་ལྟ་ཆོག)རྨང་གཞིའི་སློབ་གསོ་དང་། ཞིང་ལས་ཚན་རྩལ། སྨན་བཅོས་འཕྲོད་བསྟེན། གཞི་རིམ་གཞོན་ནུའི་ལས་དོན། གཞི་རིམ་སྤྱི་ཚོགས་དོ་དམ། བོད་ལ་ཞབས་ཞུ། ཤིན་ཅང་ལ་ཞབས་ཞུ་སོགས་ཞབས་ཞུའི་ཆེད་དོན་རྣམ་གྲངས་7མུ་མཐུད་ལག་ལེན་བསྟར་རྒྱུ་དང་ཤིན་ཅང་ལ་ཞབས་ཞུ་དང་བོད་ལ་ཞབས་ཞུའི་ཆེད་དོན་རྣམ་གྲངས་ཀྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ནས་མི་རིགས་ས་ཁུལ་དུ་མི་ཆིག་ཁྲི་ཙམ་གཏོང་བའི་གཞི་ཁྱོན་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་ལག་ལེན་བསྟར་ནས་ལོ་14སོང་ཚུན། རིམ་རྩིས་བརྒྱབ་ན་མི་ཁྲི་24ནུབ་རྒྱུད་དང་དབུས་རྒྱུད་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་22ཀྱི་རྫོང་དང་། གྲོང་ཁྱེར། ཆུས། ཆི་བཅས་2100ལྷག་ཙམ་གྱི་གཞི་རིམ་དུ་ཞབས་ཞུ་བྱེད་པར་བཏང་བ་དང་སྔ་རྗེས་སུ་མི་ཁྲི་2ཀྱིས་ཞབས་ཞུའི་དུས་ཚོད་ཐིམ་རྗེས་ནུབ་རྒྱུད་གཞི་རིམ་དུ་གཞི་ཚུགས་པ་བྱ་རྒྱུའི་གདམ་ག་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།