འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་ཚིགས་དང་པོར་རང་རྒྱལ་གྱི་བཟོ་ལས་འགོ་ཡག་པོ་འཛུགས་ཐུབ་པ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་28ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་26ཉིན་བཟོ་འཕྲིན་ཅན་པུའི་གསར་འགྱུར་མགྲིན་ཚབ་པ་དང་འཁོར་སྐྱོད་ལྟ་ཞིབ་མཐུན་སྦྱོར་ཅུས་ཀྱི་ཅུས་ཀྲང་ཀྲེན་ལི་ཤིན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རང་རྒྱལ་གྱི་2017ལོའི་དུས་ཚིགས་དང་པོའི་བཟོ་ལས་འཕྲིན་གཏོང་ལས་རིགས་ཀྱི་འཕེལ་རྒྱས་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། དུས་ཚིགས་དང་པོར་རང་རྒྱལ་གྱི་བཟོ་ལས་ཐད་ན་ནིང་གི་བརྟན་ཐོག་ཡར་འཕེལ་གྱི་འཁོར་སྐྱོད་དུས་བབ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་རིན་ཐང་དེ་དུས་མཚུངས་ལས་6.8%འཕར་བའི་ནང་ཟླ་བ་གསུམ་པར་7.6%འཕར་ཡོད། གོང་གི་ཟླ་བ་གཉིས་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་ཁེ་བཟང་སྒོར་དུང་ཕྱུར་10157བྱུང་བ་དེ་དུས་མཚུངས་ལས་31.5%འཕར་ནས་དུས་ཚིགས་དང་པོར་བཟོ་ལས་ཐད་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད།
           ཀྲེན་ལི་ཤིན་གྱིས་དུས་ཚིགས་དང་པོར་རང་རྒྱལ་གྱི་བཟོ་ལས་ཐོན་སྐྱེད་འཕར་ཚད་བརྟན་པོའི་ཁྲོད་འཕར་བ་དང་ཁེ་ལས་ཀྱི་ཕན་འབྲས་མུ་མཐུད་ལེགས་སུ་ཕྱིན་པ་དང་། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་མ་ཐེབས་པ། ཁྲོམ་རའི་སྔོན་དཔག་རེ་བ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། ཆ་འཕྲིན་འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བའི་ཐད་ནུས་པ་ཆེན་པོ་ཐོན་པ་བཅས་བཟོ་ལས་ཐོན་སྐྱེད་དང་ཁེ་ལས་ཀྱི་ཕན་འབྲས་གནས་ཚུལ་སྔོན་དཔག་ལས་ཡག་པ་ཡོད། ཁྱོན་ཡོངས་ཀྱི་གནས་ཚུལ་ལ་བལྟས་ན། བཟོ་ལས་ཧྲིལ་པོ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། སྲོལ་རྒྱུན་ཐོན་ལས་འཁོར་སྐྱོད་བརྟན་པ། བཟོ་ལས་ཞིང་ཆེན་འདེགས་སྐྱོར་གྱི་ནུས་པ་མུ་མཐུད་འདོན་སྤེལ་ཐུབ་པ་བཅས་བྱུང་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།