འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱང་ཅིང་གིས་རྒྱལ་ཡོངས་ཀྱི“ཡིག་བསྐུར་ངོ་བཅར་གྱི་ལས་བྱེད་པ་ཡག་ཤོས”ཀྱི་མཚན་
    ཐོབ་མཁན་ལ་མཇལ་འཕྲད་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་28ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་26ཉིན་ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་རྒྱལ་དོན་ཨུ་ཡོན་དབྱང་ཅིང་གིས་པེ་ཅིང་དུ་རྒྱལ་ཡོངས་ཀྱི“ཡིག་བསྐུར་ངོ་བཅར་གྱི་ལས་བྱེད་པ་ཡག་ཤོས”ཀྱི་མཚན་སྙན་ཐོབ་མཁན་ལ་མཇལ་འཕྲད་གནང་ཞིང་། ཁོང་གིས“ཡིག་བསྐུར་ངོ་བཅར་གྱི་ལས་བྱེད་པ་ཡག་ཤོས”ཀྱི་མཚན་སྙན་ཐོབ་མཁན་ལ་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་ཁོང་ཚོར་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་། ཡང་འབད་བསྐྱར་བསྐྱར་བྱས་ནས་ཕུགས་འདུན་དད་སེམས་བརྟན་པའི་ལག་ལེན་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྣེ་འཁྲིད་པ། འགག་སྒྲོལ་དཀའ་སེལ་གྱི་གཙོ་རྒོལ་བ། སྤྱོད་གཙང་རང་འདོམས་ཀྱི་ཚུལ་ལྡན་པ་ཞིག་བཅས་མུ་མཐུད་ཡག་པོ་བྱས་ནས་གྲུབ་འབྲས་སྔར་ལས་ཆེ་བ་ཐོབ་རྒྱུར་བརྩོན་ལེན་བྱེད་དགོས་པའི་སྐུལ་ལྕག་བཏང་གནང་ཡོད།
          དབྱང་ཅིང་གིས་ལོ་མང་རིང་རྒྱ་ཆེའི་ཡིག་བསྐུར་ངོ་བཅར་ལས་བྱེད་པས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་དང་། ཏང་དང་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་ཡག་པོ་ཞིག་བྱས་ནས་དཀའ་སྤྱད་འབད་འབུངས་དང་ལས་དོན་ཏན་ཏིག་བསྒྲུབས་པས་སྔོན་ཐོན་དཔེ་མཚོན་ཁག་གཅིག་ཐོན་ཡོད། “ཡིག་བསྐུར་ངོ་བཅར་གྱི་ལས་བྱེད་པ་ཡག་ཤོས”ནི་ཁོང་ཚོའི་ཁྲོད་ཀྱི་འཐུས་མི་ཕུལ་དུ་བྱུང་བ་ཞིག་ཡིན་པས་དུས་སྐབས་གསར་པའི་ཡིག་སྐུར་ངོ་བཅར་ལས་བྱེད་པའི་དཔུང་ཁག་གིས་འགན་འཁྲི་འཁུར་ཕོད་པ་དང་། གསར་གཏོད་ཡར་བརྩོན། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དང་ཉམས་འགྱུར་ལེགས་པར་མངོན་ཡོད་ཅེས་གསུངས།
          དབྱང་ཅིང་གིས་རིམ་ཁག་ཡིག་བསྐུར་ངོ་བཅར་སྡེ་ཚན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག “འདུ་ཤེས་བཞི”བརྟན་པོ་ཆགས་པ་བྱེད་པ་དང་། རང་རྟོགས་ངང་ཏང་དང་རྒྱལ་ཁབ་ལས་དོན་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་བརྩི་སྲུང་ཞུས་ཏེ་ཡིག་བསྐུར་ངོ་བཅར་ལས་དོན་གྱི་དཀའ་གནད་སེལ་རྒྱུར་དངོས་འཛིན་བཙན་འཐབ་དང་། འགན་འཁྲི་འཕུར་ཕོད་པ། བསམ་བློ་དང་བྱེད་ཐབས་རྒྱུན་མི་ཆད་པར་གསར་དུ་གཏོད་པའི་སྒོ་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་ལེགས་སྐྱེས་ཕུལ་ཏེ་གྲུབ་འབྲས་གཟེངས་སུ་ཐོབ་པའི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་གསུང་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།