འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།“རྩོམ་རིག་ལས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་ཀྱི་དོན་དངོས་མཚོན་དགོས”

    —— རྩོམ་པ་པོ་ཀྲོའུ་མེ་སན་གྱིས་《མི་དམངས་ཀྱི་མིང་ཐོག་ནས་》ཞེས་པའི་མ་རྩོམ་སྐོར་གླེང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་27ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “ང་ཚོའི་དུས་རབས་འདིའི་མི་རྣམས་འགྱུར་ལྡོག་མང་བའི་དུས་རབས་ཆེན་པོའི་ཁྲོད་གནས་ཡོད། ཀྲུང་གོ་བས་དུས་རབས་འདིའི་ནང་རང་ཉིད་ཀྱི་ལོ་རྒྱུས་གསར་གཏོད་དང་འཛམ་གླིང་གི་སྒྲིག་ལམ་ལ་འགྱུར་ལྡོག་གཏོང་བཞིན་ཡོད། གཏམ་རྒྱུད་ལྡན་པའི་དུས་རབས་འདི་འདྲའི་ནང་སྐྱེས་པའི་རྩོམ་པ་པོ་ཞིག་གི་ངོས་ནས་ང་དེ་གར་ཡོད་དགོས་པ་དང་། ངས་ངེས་པར་དུ་འབྲི་དགོས”ཞེས“འཛམ་གླིང་གི་དཔེ་དེབ་དང་དཔར་དབང་ཉིན་མོ”ཐེངས་22པ་འཆར་བའི་སྐབས་སུ《མི་དམངས་ཀྱི་མིང་ཐོག་ནས》ཞེས་པའི་མ་རྩོམ་གྱི་རྩོམ་པ་པོ་ཀྲོའུ་མེ་སན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།
          ཟླ་བ་བཞི་པའི་ནང་བརྙན་འཕྲིན་འཁྲབ་ཚན་《མི་དམངས་ཀྱི་མིང་ཐོག་ནས་》ཞེས་པ་ལོ་འཁོར་གྱི་ལྟད་མོ་ཆེ་ཤོས་དང་སྐར་མ་ཐོབ་མང་ཤོས་ཀྱི་བརྙན་འཕྲིན་འཁྲབ་ཚན་དུ་གྱུར་པ་དང་ཟླ་བ་དང་པོའི་ཟླ་འགོར་《མི་དམངས་ཀྱི་མིང་ཐོག་ནས་》ཞེས་པའི་མ་རྩོམ་པེ་ཅིང་ཟླ་བཅུ་རྩོམ་རིག་སྒྱུ་རྩལ་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་བྱས་ཤིང་། ལོ་བརྒྱད་གསར་རྩོམ་དང་ལོ་དྲུག་བཟོ་བཅོས་བརྒྱབ་པའི་བརྩམས་ཆོས་དེ་དཔེ་སྐྲུན་བྱས་པར་གདེང་འཇོག་ཡག་པོ་ཐོབ་སྟེ“རུལ་སུངས་ལ་ངོ་རྒོལ་གྱི་དམ་བསྒྲགས་རྣམ་པའི་འོག་ཀྲུང་གོའི་ཆབ་སྲིད་དང་སྤྱི་ཚོགས་ཁོར་ཡུག་གི་དངོས་ཡོད་རིང་ལུགས་ཀྱི་གནས་ཚུལ་མཚོན་པའི་བརྩམས་ཆོས་ཤིག་རེད”ཅེས་བསྔགས་བརྗོད་བྱས་ཡོད།
         ཟླ་བ་དང་པོ་ནས་ཟླ་བ་བཞི་པའི་བར་མ་རྩོམ་དཔེ་སྐྲུན་བྱས་པ་ནས་གཏམ་བརྗོད་ཟློས་གར་དང་དེ་ནས་བརྙན་འཕྲིན་འཁྲབ་ཚན་བར་གྱི་དངོས་ཡོད་རིང་ལུགས་ཀྱི་སྙིང་སྟོབས་དང་འཆར་ཡན་རིང་ལུགས་ཀྱི་བརྩེ་སེམས་ཐོག་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དངོས་ལ་གཞིགས་པའི་སྒྱུ་རྩལ་གྱི་བརྩམས་ཆོས་དེ་2017ལོའི་ལོ་སྟོད་དུ་ཀློག་པ་པོས་དོ་ཁུར་ཆེན་པོ་དང་དགའ་བསུ་ཐོབ་པའི་བརྩམས་ཆོས་ལ་གྱུར་ཡོད།
         བརྩམས་སྒྲུང་དེར་མི་རྣམས་ཀྱིས་དགའ་པོ་དེ་འདྲ་བྱེད་དོན་གང་ཡིན་ནམ། ཀྲོའུ་མེ་སན་གྱིས་གལ་ཏེ་བརྩམས་སྒྲུང་དེར་གྲུབ་འབྲས་ཐོབ་ཡོད་ཅེས་བརྗོད་ན་རྒྱུ་རྐྱེན་གཙོ་བོ་ནི་ཅུང་གནད་ལ་འཁེལ་བའི་སྒོ་ནས་དེང་རབས་ཀྲུང་གོའི་སྤྱི་ཚོགས་ཀྱི་རྣམ་པ་དང་། ལྷག་པར་དུ་ཆབ་སྲིད་ཁོར་ཡུག་གི་རྣམ་པ་མངོན་པའི་ཀྲུང་གོའི་གཏམ་རྒྱུད་བརྗོད་ཡོད་པས་སྤྱི་ཚོགས་རིམ་གྲས་ཁག་གི་ཁྲོད་ཚུར་སྣང་གཅིག་མཚུངས་བྱུང་བ་དེ་ཡིན། “དེ་ནི་གནམ་ནས་ཤ་བག་ལེབ་ཟག་པ་ཞིག་མིན་པར། དེ་ནི་དངོས་ཡོད་རིང་ལུགས་ཀྱི་གྲུབ་འབྲས་དང་རྩོམ་རིག་བརྟན་སྲུང་གི་གྲུབ་འབྲས་ཤིག་ཡིན་ལ། དུས་རབས་དང་དམ་པོར་འབྲེལ་བ་དང་མི་དམངས་ཀྱི་འདུན་པ་མཚོན་པའི་གྲུབ་འབྲས་ཤིག་རེད། དཔེར་ན་དེ་སྔ་ངས་བརྩམས་པའི་《མི་ཡུལ་གྱི་དྲང་ལམ་》དང་། 《ཀྲུང་གོའི་ལན་པར》 《བལྟོས་མེད་དབང་ཆ》 《རྒྱལ་ཁབ་ཀྱི་གཞུང་གཏུག་》བཅས་ཚང་མར་ནང་དོན་དང་ཕྱོགས་སྟོན་ཁ་གསལ་ལྡན་ཡོད། འོན་ཀྱང་བརྩམས་ཆོས་འདི་དེ་གོང་གི་བརྩམས་ཆོས་དང་བསྡུར་ན་ནང་དོན་ཟབ་པའི་ཐོག་སྤྱི་ཚོགས་ཀྱི་གནས་ཚུལ་དངོས་མཚོན་པ་དང་ཉེ་དུས་ལོ་བཅུའི་ནང་ཐོན་པའི་གནས་ཚུལ་ཡང་བཀོད་ཡོད། ངས་སྣང་བ་མེད་པར་བརྩམས་སྒྲུང་མཐུག་པོ་འདི་བྲིས་ཚར་སོང”ཞེས་བརྗོད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།