འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་སློབ་ཆེན་གྱི་རི་འཛེག་རུ་ཁག་ཇོ་མོ་གླང་མའི་བྱང་ངོགས་སུ་རྡོག་ཐོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་27ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། པེ་ཅིང་སློབ་ཆེན་གྱི་རི་འཛེག་ཉམས་མྱོང་ཕུན་སུམ་ཚོགས་པའི་སློབ་གྲྭ་འགྲིམ་མུས་ཀྱི་སློབ་མ་དང་སློབ་རོགས་12ལས་གྲུབ་པའི་རི་འཛེག་རུ་ཁག་ཚེས་25ཉིན་ལྷ་ས་ནས་ཐོན་ཏེ་ཇོ་མོ་གླང་མའི་སྒར་ས་ཆེ་མོ་གནས་ཡུལ་བོད་ལྗོངས་དིང་རི་རྫོང་དུ་བསྐྱོད་དེ་རྐང་ཐང་རི་འཛེག་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་། གལ་ཏེ་འཕེལ་རིམ་བདེ་བླག་བྱུང་ན་ཁོང་ཚོ་ཉིན་བཅུ་ལྷག་ཙམ་རྗེས་ས་བབ་སྨི་7028ཟིན་པའི་ཇོ་མོ་གླང་མའི་བྱང་ངོགས་སུ་འབྱོར་རྒྱུ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། པེ་ཅིང་སློབ་ཆེན་དབུ་བརྙེས་ནས་ལོ་ངོ་120འཁོར་བར་རྟེན་འབྲེལ་ཞུ་ཆེད། པེ་ཅིང་སློབ་ཆེན་རི་འཛེག་རུ་ཁག་གིས་2018ལོར་ཇོ་མོ་གླང་མར་འཛེག་རྩིས་ཡོད་པ་རེད། ད་རེས་ཀྱི་རྐང་ཐང་རི་འཛེག་བྱེད་སྒོ་ནི་སང་ལོ་ཇོ་མོ་གླང་མར་འཛེག་རྒྱུའི་འཆར་གཞིའི་ཆེད་སྤེལ་བའི་ས་བབ་མཐོ་བའི་སྦྱོང་བརྡར་ཞིག་ཡིན་པ་དང་རི་འཛེག་རུ་ཁག་ཇོ་མོ་གླང་མའི་སྒར་ས་ཆེ་མོར་འབྱོར་རྗེས་ས་བབ་མི་འདྲ་བ་ཚང་མར་མཐུན་འཕྲོད་དང་སྦྱོང་བརྡར་བྱས་ཏེ་སྐབས་དང་བསྟུན་ནས་ཇོ་མོ་གླང་མའི་བྱང་ངོགས་སུ་འཛེག་རྒྱུ་ཡིན་པ་རེད།
         བདེ་འཇགས་འགན་ལེན་བྱ་ཆེད། བོད་ལྗོངས་གནས་རི་མྱུལ་དཔྱད་ཀུང་སིས་ཉམས་མྱོང་ཕུན་སུམ་ཚོགས་པའི་ལམ་སྣེ་འཁྲིད་མཁན་དང་ལས་རོགས་མཉམ་དུ་བཏང་སྟེ་པེ་ཅིང་སློབ་ཆེན་གྱི་རི་འཛེག་མཁན་གྱི་མི་ལུས་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་པེ་ཅིང་སློབ་ཆེན་བྱ་གླག་རུ་ཁག་གི་རུ་མི་21བོད་དུ་བསྐྱོད་ནས་ས་བབ་སྨི་7034ཟིན་པའི་ཇོ་མོ་ལྷ་རི་འཛེགས་པ་དང་ལམ་གཤོང་མཁན་ཚོགས་ཆུང་གིས་ས་བབ་སྨི་6500བར་འཛེགས་རྗེས་གངས་རྡིབ་རྒྱག་ཉེན་ཡོད་པ་ཤེས་སྟབས་རུ་མི་ཡོངས་རི་རྩེར་འཛེག་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།