འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སློབ་གྲྭ་འབྲིང་ཆུང་གི་སློབ་མས་མཉམ་དུ་བསམ་བཀོད་བྱས་པའི“ལོ་ཆུང་བྱིས་
    པའི་སྲུང་སྐར”ཐོག་མ་དེ་འདི་ལོའི་ཟླ་བརྒྱད་པར་འཕེན་གཏོང་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་27ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་དང་། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས། ཀྲུང་གོ་སློབ་གསོ་མཐུན་ཚོགས་བཅས་ཀྱིས་སྤེལ་བའི“ཀྲུང་གོའི་ལོ་ཆུང་བྱིས་པའི་སྲུང་སྐར་ཆུང་ངུའི་འཆར་གཞིའི”འཕེལ་རིམ་གསར་ཤོས་ཁྱབ་བསྒྲགས་བྱས་ཤིང་། རྒྱལ་ཡོངས་སློབ་གྲྭ་འབྲིང་ཆུང་གི་སློབ་མས་མཉམ་དུ་བསམ་བཀོད་བྱས་པའི་ལངས་གཟུགས་སྲུང་སྐར“ལོ་ཆུང་བྱིས་པའི་སྲུང་སྐར”ཐོག་མ་དེ་འཆར་གཞི་ལྟར་ན། འདི་ལོའི་ཟླ་8ཚེས་16ཉིན་མཁའ་དབྱིངས་སུ་འཕེན་གཏོང་བྱ་རྒྱུ་མ་ཟད། སློབ་གསོས་སྲུང་སྐར་མཉམ་སྤྱོད་ཀྱི་རྣམ་པ་གཞིར་བཟུང་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་ཏུ་སྒོ་དབྱེའི་ངང་སྤྱོད་རྒྱུ་རེད།
         “ཀྲུང་གོའི་ལོ་ཆུང་བྱིས་པའི་སྲུང་སྐར་ཆུང་ངུའི་འཆར་གཞིའི”ནང“སྲུང་སྐར་གསར་གཏོད་དང་། སྲུང་སྐར་སྐྲུན་པ། སྲུང་སྐར་འཕེན་གཏོང་། སྲུང་སྐར་མངོན་པ། སྲུང་སྐར་ལ་ལྟ་བ”སོགས་ལྷུ་ཚིགས་ཆེན་པོ་ལྔར་དབྱེ་ཡོད། འཆར་གཞི་འདི་ནི་2016ལོའི་ཟླ་བཞི་པར་སྤེལ་འགོ་བཙུགས་པ་དང་འཆར་གཞི་ལག་བསྟར་བྱེད་མཁན་གྱིས་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཆིག་སྟོང་ཙམ་ནས་བསམ་བཀོད་ཁྲི་10ལྷག་ཙམ་བསྡུ་རུབ་བྱས་པ་ཞིག་རེད། འཆར་གཞི་ལག་བསྟར་བྱེད་མཁན་གྱིས་འཆར་གཞི་འདི་འདོན་དོན་ནི་ལག་རྩལ་ཐད་ནས་སློབ་མ་ཚོར་སྲུང་སྐར་ཇི་ལྟར་བཟོ་མིན་བསླབ་རྒྱུ་དེ་མིན་པར། ཁོང་ཚོར་ལྟ་ཞིབ་བྱེད་པའི་མཐོང་ལམ་དེ་ས་ངོས་ནས་མཁའ་དབྱིངས་སུ་ཕྱོགས་རྒྱུར་ཁྲིད་སྟོན་དང་བསམ་གཞིག་གི་ཟུར་ཚད་དེ་མི་སྒེར་དང་སློབ་གྲྭ་ནས་མིའི་རིགས་ཡོངས་བར་ཁྱབ་པ་བྱས་ཏེ་སློབ་མ་ཚོའི་སེམས་ནང་གི་ཤེས་བྱ་སྦྱོང་འདོད་དང་འཚོལ་ཞིབ་བྱེད་འདོད་ཀྱི་བསམ་པའི་མྱུ་གུ་འབུས་ཆེད་རེད་ཅེས་བཤད་པ་རེད།
         “ལོ་ཆུང་བྱིས་པའི་སྲུང་སྐར”གྱི་ལག་རྩལ་འགན་འཁུར་བ་ཅིའུ་ཐན་སྲུང་སྐར་ཆུང་ངུའི་སྤྱི་ཁྱབ་དགེ་རྒན་ཆེ་མོ་བ་འབུམ་རམས་པ་ལིའུ་ལི་ཁུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར“ལོ་ཆུང་བྱིས་པའི་སྲུང་སྐར”གྱི་སྒྱུར་བཅོས་རིམ་སྤོར་གྱི་འཕེལ་རིམ་བདེ་བླག་ཡོད་པ་དང་ཐོག་མའི་འདྲ་དབྱིབས་ཀྱི་སྐར་མའི་རྨང་གཞིའི་ཐོག་ཆེད་མངགས་བར་སྣང་ཚོད་ལྟ་ཁང་ཞིག་བསྣན་ནས་སློབ་གྲོགས་ཚོའི་བར་སྣང་གི་བསམ་བཀོད་དང་ཕུགས་འདུན་དེ་བས་ལེགས་པའི་ངང་མངོན་ཐུབ་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།