འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་གཉའ་ནང་དུ་གེགས་རྗེས་ཀྱི་མང་ཚོགས་སྡོད་ཁང་བསྐྱར་སྐྲུན་གཞི་རྩའི་ཆར་
    ལེགས་གྲུབ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་27ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་གཉའ་ནང་དུ་གེགས་རྗེས་ཀྱི་མང་ཚོགས་སྡོད་ཁང་བསྐྱར་སྐྲུན་གཞི་རྩའི་ཆར་
ལེགས་གྲུབ་ཟིན་པ།
         མི་དམངས་དྲ་བའི་འཕྲིན། 2015ལོའི་ཟླ་4ཚེས་25ཉིན། ནེ་པ་ལའི་ས་ཡོམ་དྲག་པོ་རིམ་པ་8.1ལས་བོད་ཀྱི་རྫོང་མང་དག་ཅིག་ལ་ཤུགས་རྐྱེན་ཐེབས་པའི་ནང་གཉའ་ནང་རྫོང་ནི་གནོད་འཚེ་ཕོག་ཆེ་ཤོས་ཀྱི་ས་ཁོངས་ཤིག་རེད། ཉེ་ཆར་གསར་འགོད་པ་གཉའ་ནང་རྫོང་དུ་བཅར་འདྲི་བྱེད་པར་སྐྱོད་སྐབས་ཡུལ་དེའི་གེགས་རྗེས་བསྐྱར་སྐྲུན་གྱིས་མང་ཚོགས་ཀྱི་སྡོད་ཁང་བསྐྱར་སྐྲུན་དང་། གྲོང་ཚོ་ཡོངས་ལ་སྐུལ་གཏོང་། ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་སོགས་བྱ་ཐབས་གཙོ་བོར་བྱས་པ་དང་མིག་སྔར་མང་ཚོགས་ཀྱི་སྡོད་ཁང་བསྐྱར་སྐྲུན་གཞི་རྩའི་ཆར་ལེགས་གྲུབ་ཟིན་པ་ཤེས་རྟོགས་བྱུང་། འདི་ནི་ཟླ་4ཚེས་24ཉིན་གཉའ་ནང་རྫོང་ནས་ལུང་ཤང་གི་ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུའི་ལོ་40ལ་སླེབས་པའི་ལྷག་སྒྲོན་གྱིས་རང་ཁྱིམ་གྱི་ཚོམས་ཆེན་དུ་དྲན་རྟེན་པར་ལེན་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།