འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཟོག་འདྲེན་འཕུར་གྲུ་མཁའ་གྲུ་ཨང་དང་པོ་འཕེན་གཏོང་ལེགས་འགྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་21ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཟོག་འདྲེན་འཕུར་གྲུ་མཁའ་གྲུ་ཨང་དང་པོ་འཕེན་གཏོང་ལེགས་འགྲུབ་བྱུང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན་གྱི་ཆུ་ཚོད་19དང་སྐར་མ་41ཐོག ཟོག་འདྲེན་འཕུར་གྲུ་མཁའ་གྲུ་ཨང་དང་པོ་ཐེག་འདྲེན་བྱེད་པའི་རྒྱང་སྐྱོད་ཨང་བདུན་པ་རྒྱང་ཚོར་གཉིས་པའི་ཐེག་འདྲེན་མེ་ཤུགས་འཕུར་མདའ་རང་རྒྱལ་ཧའེ་ནན་ཝུན་ཁྲང་འཇིག་རྟེན་འཕུར་གྲུ་འཕེན་གཏོང་བྱེད་ས་ནས་མེ་སྦར་ཏེ་འཕེན་གཏོང་བྱས་ཤིང་། ཕལ་ཆེར་སྐར་ཆ་596འགོར་རྗེས་སུ། འཕུར་གྲུ་དང་མེ་ཤུགས་འཕུར་མདའ་གཉིས་ལེགས་འགྲུབ་ངང་སོ་སོར་གྱེས་ནས་སྔོན་བཀོད་འཁོར་ལམ་དུ་བསྐྱོད་ཅིང་། འཕེན་གཏོང་ལེགས་འགྲུབ་ཆེན་པོ་བྱུང་བ་རེད།
         རྒྱང་སྐྱོད་ཨང་བདུན་པའི་རྒྱང་ཚོར་གཉིས་པའི་ཐེག་འདྲེན་མེ་ཤུགས་འཕུར་མདའ་ནི་དེ་སྔོན་འཕུར་སྐྱོད་ལས་འགན་ཐེངས་དང་པོ་ཁུར་བའི་རྒྱང་སྐྱོད་ཨང་བདུན་པའི་རྒྱང་ཚོར་དང་པོའི་ཐེག་འདྲེན་མེ་ཤུགས་འཕུར་མདའི་ལག་རྩལ་ལྡན་ཚུལ་དང་གཞི་རྩའི་ཆ་ནས་གཅིག་འདྲ་ཡིན་པ་དང་། ཟོག་འདྲེན་འཕུར་གྲུ་འཕེན་གཏོང་བྱ་རྒྱུའི་དགོས་མཁོར་སྐོང་ཆེད། ལག་རྩལ་ཁ་ཤས་བསྒྱུར་བཅོས་བྱས་ནས་བདེ་འཇགས་རང་བཞིན་དང་བརྟན་པོའི་རང་བཞིན་སྔར་ལས་མཐོ་རུ་བཏང་བ་རེད། འདི་ནི་རྒྱང་སྐྱོད་རིགས་སྦྲེལ་གྱི་ཐེག་འདྲེན་མེ་ཤུགས་འཕུར་མདའ་ཡིས་འཕུར་སྐྱོད་ཐེངས་247བྱས་པ་རེད།
    ༄༅།།ཟོག་འདྲེན་འཕུར་གྲུ་མཁའ་གྲུ་ཨང་དང་པོ་འཕེན་གཏོང་ལེགས་འགྲུབ་བྱུང་བ།
    ༄༅།།ཟོག་འདྲེན་འཕུར་གྲུ་མཁའ་གྲུ་ཨང་དང་པོ་འཕེན་གཏོང་ལེགས་འགྲུབ་བྱུང་བ།
    ༄༅།།ཟོག་འདྲེན་འཕུར་གྲུ་མཁའ་གྲུ་ཨང་དང་པོ་འཕེན་གཏོང་ལེགས་འགྲུབ་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།