འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གཞུང་ལས་ཁང་གིས་ལྟ་ཞིབ་དག་ཐེར་གྱི་ལས་དོན་
    སྒྲུབ་ཚུལ་ཐད་ཟླ་རེར་བཀོད་གཏོང་ཐེངས་རེ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་21ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་19ཉིན། མིག་སྔར་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གིས་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར་)16ལ་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་བྱས་པ་རེད། དག་ཐེར་དོན་འཁྱོལ་ཡོང་བར་སྐུལ་མ་གཏོང་ཆེད་ཉེ་དུས་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གཞུང་ལས་ཁང་གིས་ལྟ་ཞིབ་དག་ཐེར་ལས་དོན་སྒྲུབ་ཚུལ་ཐད་ཟླ་རེར་བཀོད་གཏོང་ཐེངས་རེ་བྱ་རྒྱུའི་གཏན་འཁེལ་ཁ་གསལ་བྱས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ལྟ་ཞིབ་ཀྱི་བརྡ་ལན་སྤྲད་རྗེས་ཀྱི་ཟླ་བ་དང་པོར་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གཞུང་ལས་ཁང་གིས་ལྟ་ཞིབ་དག་ཐེར་གྱི་བྱེད་ཐབས་བཟོ་བ་དང་དེ་བཞིན་ལྟ་ཞིབ་དག་ཐེར་གྱི་ལས་དོན་སྒྲིག་འཛུགས་ལམ་སྲོལ་བཙུགས་ཚུལ་ཐད་བཀོད་གཏོང་བྱ་རྒྱུ་རེད། དག་ཐེར་ཇུས་གཞི་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུས་ནས་ཞིབ་བཤེར་མོས་མཐུན་བྱུང་རྗེས་ཞིབ་ཕྲའི་གནད་དོན་དག་ཐེར་བྱ་ཚུལ་དང་། ལེ་ལག་ཚང་བའི་སྲིད་ཇུས་དང་། བྱ་ཐབས། ཇུས་གཞི། དེ་བཞིན་འབྲེལ་ཡོད་ཁྲིམས་སྲོལ། ལམ་ལུགས་བཅས་བཟོ་བ་དང་ལག་བསྟར་བྱ་ཚུལ། དག་ཐེར་གྱི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་ཚུལ། འགན་འཁྲི་བདའ་འདེད་གཏོང་རྒྱུར་སྤྲད་པའི་གནད་དོན་རྩད་གཅོད་དང་ཐག་གཅོད་བྱ་ཚུལ། ཁོར་ཡུག་སྤུས་ཚད་ལེགས་སུ་གཏོང་ཚུལ། དག་ཐེར་གྱི་ལས་དོན་ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱ་ཚུལ་སོགས་ལ་གཙོ་གནད་བཀོད་གཏོང་བྱ་རྒྱུ་རེད། བཀོད་གཏོང་བྱས་ཚུལ་དེ་ལྟ་ཞིབ་ཀྱི་གསར་འགྱུར་གནད་བསྡུས་ཀྱི་རྣམ་པའི་ཐོག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུ་རྒྱུ་མ་ཟད། གནས་ཚུལ་གལ་ཆེན་ད་དུང་གསར་འགྱུར་སྨྱན་སྦྱོར་བརྒྱུད་དེ་ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱ་རྒྱུ་རེད། དག་ཐེར་ལས་དོན་སྒྲུབ་ཤུགས་མི་འདང་བ་དང་མྱུར་ཚད་མངོན་གསལ་འགོར་པོ་ཡོད་རིགས་ལ་ཆེད་དོན་ལྟ་ཞིབ་བཀོད་སྒྲིག་བྱ་རྒྱུ་དང་ཆབས་ཅིག་གནས་ཚུལ་ལ་གཞིགས་ཏེ་བརྡ་ཁྱབ་གཏོང་བ་དང་སྐོང་འདྲི་སོགས་ཀྱི་བྱ་ཐབས་སྤྱོད་རྒྱུ་རེད།
         རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གཞུང་ལས་ཁང་གིས་ད་དུང་ལྟ་ཞིབ་དག་ཐེར་བྱ་ཚུལ་ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱེད་པའི་ཐད་བཀོད་སྒྲིག་ཞིབ་ཕྲ་བྱས་ཏེ་ཞིང་ཆེན་རིམ་པའི་བརྙན་འཕྲིན་ཁང་གི“ས་གནས་ཀྱི་གསར་འགྱུར”ལེ་ཚན་ནང་གཟའ་ཕུར་བུའི་ཉིན་མོར་སྐར་མ་5ནས་10བར་སྤྱད་དེ་ལྟ་ཞིབ་དག་ཐེར་གྱི་ལས་དོན་སྒྲུབ་ཚུལ་ཆེད་མངགས་གཏོང་སྤེལ་བྱེད་པ་དང་། ཞིང་ཆེན་རིམ་པའི་ཏང་གི་ཚགས་པར་དང་སྲིད་གཞུང་གི་དྲ་ཚིགས་ཐོག་ཆེད་དམིགས་ལེ་ཚན་བཟོས་ཏེ་གཟའ་པ་སངས་ཉིན་མོར་ལྟ་ཞིབ་དག་ཐེར་གྱི་ལས་དོན་སྒྲུབ་ཚུལ་ཡོངས་བསྒྲགས་ཐེངས་རེ་བྱེད་པ། བསྟུད་མར་ཡོངས་བསྒྲགས་ཐོག་གནས་ཚུལ་གཏོང་སྤེལ་བྱེད་པའི་དུས་ཚོད་དེ་ལྟ་ཞིབ་ཀྱི་བརྡ་ལན་སྤྲད་རྗེས་འགོ་བཙུགས་པ་ནས་དག་ཐེར་གྱི་ལས་དོན་སྒྲུབ་ཚུལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུ་བའམ་ཡང་ན་ལྟ་ཞིབ་ཀྱི་བརྡ་ལན་གནད་དོན་ཡོངས་རྫོགས་དག་ཐེར་དོན་འཁྱོལ་བྱེད་པའི་བར་ཡིན་པ། ལྟ་ཞིབ་དག་ཐེར་གྱི་ལས་དོན་སྒྲུབ་ཚུལ་ཡོངས་བསྒྲགས་ཀྱི་བླང་བྱ་དོན་འཁྱོལ་བྱས་མེད་པའི་ས་གནས་ལ་བསྒྲུབ་རྒྱུར་ལྟ་སྐུལ་བྱ་རྒྱུ་དུས་ཐོག་ཏུ་དྲན་སྐུལ་བྱེད་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
         ཉེ་དུས་སྤེལ་བའི་ལྟ་ཞིབ་ཀྱི་བརྡ་ལན་ལས་དོན་ཁག་གཉིས་པ་སྒྲུབ་ཚུལ་ལ་དམིགས་ཏེ་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གཞུང་ལས་ཁང་གིས་ལྟ་ཞིབ་ཡོངས་བསྒྲགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལྟ་ཞིབ་ཀྱི་བརྡ་ལན་སྤྲད་རྗེས་ཀྱི་ཉིན་དེ་རང་ལ་ས་གནས་ཀྱིས་ཞིང་ཆེན་རིམ་པའི་སྲིད་གཞུང་གི་དྲ་ཚིགས་དང་ཞིང་ཆེན་རིམ་པའི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱི་དྲ་ཚིགས་ཐོག་ལྟ་ཞིབ་ཀྱི་བརྡ་ལན་ཡོངས་བསྒྲགས་རྩོམ་ཡིག་གི་ནང་དོན་ཆ་ཚང་སྤེལ་ནས་ཞིང་ཆེན་རིམ་པའི་ཏང་གི་ཚགས་པར་དང་ཞིང་ཆེན་རིམ་པའི་བརྙན་འཕྲིན་ཁང་གིས་ལྟ་ཞིབ་ཀྱི་བརྡ་ལན་སྤྲད་རྗེས་ཀྱི་ཉིན་གཉིས་པར་ལྟ་ཞིབ་ཀྱི་བརྡ་ལན་ཡོངས་བསྒྲགས་རྩོམ་ཡིག་གི་ནང་དོན་ཆ་ཚང་འགོད་རྒྱུའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།