འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲན་ཤིས་ཀྱིས་གནད་སྨིན་ཞིང་སྐྱོར་ལ་མ་དངུལ་སྒོར་དུང་ཕྱུར་24བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་21ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་19ཉིན། གནད་སྨིན་ཞིང་སྐྱོར་བྱ་ཆེད། ཉེ་ཆར། ཧྲན་ཤིས་ཞིང་ཆེན་སྲིད་གཞུང་གིས་སྒོར་དུང་ཕྱུར་24.34བཏང་སྟེ་ཞིང་དར་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་བཅུ་ལག་བསྟར་བྱེད་པར་རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོ་དང་རྨོ་བསྐྱུར་རྩྭ་གསོ་ལག་བསྟར་བྱས་ཏེ་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚོད་ལྟའི་བྱ་དགའི་ཁ་གསབ་ལ་རོགས་སྐྱོར་དང་ཧྲན་ཤིས་ཀྱི“ཞིང་པའི་འབྲུ་རིགས”དང་། ཡན་མོན་ཀོན་གྱི་ཞིང་འབྲོག་སྣོལ་འདྲེས་ཁུལ་གྱི་དཔེ་སྟོན་ཁུལ། ཧྲན་ཤིས་རྒྱལ་སྤྱིའི་ཤིང་ཏོག་ཉོ་ཚོང་ཕྱིར་གཏོང་ལས་སྟེགས་འཛུགས་སྐྲུན་དང་དེ་བཞིན་ཆ་འཕྲིན་གྲོང་ཚོ་དང་དུད་ཚང་དུ་ཁྱབ་གདལ་བཏང་སྟེ“ཞིང་ཕན་ཆ་འཕྲིན་ཁང”འཛུགས་རྒྱུ་སོགས་ལ་རྒྱབ་སྐྱོར་བྱས་པ་རེད།
         ཞིང་ཆེན་ནོར་སྲིད་ཐིང་ཀྲང་ཝུའུ་ཐའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། 2009ལོ་ནས་བཟུང་། ཧྲན་ཤིས་ཞིང་ཆེན་གྱིས་ལོ་ལྟར་ཞིང་དར་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་བཅུ་བཏོན་གྱི་ཡོད། ལོ་དགུའི་རིང་ཁྱོན་སྲིད་ཇུས་90བཏོན་པ་དང་འདི་ལོ་མུ་མཐུད་38ལག་བསྟར་བྱ་རྒྱུར་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་93.35བཀོད་སྒྲིག་བྱས་ཡོད། དེའི་ནང་གསར་དུ་རྣམ་གྲངས་10ལག་བསྟར་བྱ་རྒྱུ་ཡིན་པ་དེར་སྒོར་དུང་ཕྱུར་24.34བཀོད་སྒྲིག་བྱས་ཡོད། དེ་སྔ་དང་བསྡུར་ན། གསར་དུ་ལག་བསྟར་བྱ་རྒྱུའི་ཞིང་དར་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་10ཡི་ནང་དབུལ་སྒྲོལ་འགག་སྒྲོལ་དང་། ཞིང་ལས་ཀྱི་ཞིང་ཆེན་རིམ་པའི་འཐབ་ཇུས་ཆེན་པོ་གསུམ། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར། གཞི་རིམ་ཞབས་ཞུའི་རྩ་འཛུགས་འཛུགས་སྐྱོང་བཅས་ཚུད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།