འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཀྲོའུ་ཡིས་ཐེབས་རྩ་སྒོར་དུང་ཕྱུར་1500བཏང་ནས་གཞུང་ཁོངས་མ་རྩ་རིམ་
    སྤོར་བྱེད་རོགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་21ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་18ཉིན། ཀོང་ཀྲོའུ་གྲོང་ཁྱེར་སྲིད་གཞུང་དང་ཀྲུང་དབྱང་ཁེ་ལས་ཀྱིས་མཉམ་དུ་བཙུགས་པའི་གོ་ཤིན་ཀྲུང་དབྱང་ཁེ་ལས་གཉེར་སྐྱོང(ཀོང་ཀྲོའུ)མ་འཇོག་ཐེབས་རྩ་(གཤམ་དུ“གོ་ཤིན་ཐེབས་རྩ”ཞེས་བསྡུ་རྒྱུ་)གོང་ཚེས་ཉིན་སྒོ་བྱང་གི་ཡོལ་ཁེབས་ཕྱེ་བ་དང་དུས་ཐེངས་དང་པོའི་གཞི་ཁྱོན་སྒོར་དུང་ཕྱུར་500ཟིན་ཡོད། ཁྲོམ་ར་ཅན་དང་ཆེད་ལས་ཅན་གྱི་རྩ་དོན་གཞིར་བཟུང་འཁོར་རྒྱུག་བྱེད་པ་དང་། སྤྱི་ཚོགས་མ་རྩར་བརྟེན་ནས་གཞུང་ཁོངས་དཔལ་འབྱོར་གྱི་བཀོད་པ་ལེགས་སུ་གཏོང་རོགས་བྱ་རྒྱུར་ཁྲིད་སྟོན་བྱས་ནས་གཞུང་ཁོངས་མ་རྩ་ལུགས་མཐུན་ངང་འཁོར་རྒྱུག་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
         གོ་ཤིན་ཐེབས་རྩ་ནི་ཀྲུང་གོ་གོ་ཤིན་དང་། ཕུའུ་ཧྥ་དངུལ་ཁང་། ཀོང་ཀྲོའུ་ཐེབས་རྩ་བཅས་ཀྱིས་ཐུན་མོང་ཐོག་བཙུགས་པ་ཞིག་དང་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་1500ཟིན་ཡོད། ཐེབས་རྩའི་མ་འཇོག་བྱ་ཡུལ་གཙོ་བོ་ནི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་། དབང་བའི་ལམ་ལུགས་འདྲེས་མའི་སྒྱུར་བཅོས། བསྐྱར་འཛུགས་དང་བསྡུ་སྒྲིལ་མཉམ་ཉོ། མ་རྩ་འཛིན་ལོར་ཅན། རྐང་དབང་འཁོར་རྒྱུག་སོགས་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།