འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཞི་པའི“ལང་ཚོ་གཏོད”ཅེས་པའི་ཀྲུང་གོའི་གཞོན་ནུའི་གསར་གཏོད་ལས་
    གཏོད་འགྲན་བསྡུར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་21ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་19ཉིན། སྐབས་བཞི་པའི“ལང་ཚོ་གཏོད”ཅེས་པའི་ཀྲུང་གོའི་གཞོན་ནུའི་གསར་གཏོད་ལས་གཏོད་འགྲན་བསྡུར་གྱི་འགོ་འཛུགས་མཛད་སྒོ་ཧྲའན་ཤིས་ཤིས་ཨན་དུ་འཚོགས་པ་དང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་སོགས་གཙོ་གཉེར་ཕྱོགས་ཀྱི་ཚན་པས་རྒྱ་ཆེའི་གཞོན་ནུར་ལས་གཏོད་གསར་གཏོད་ཀྱི་ཕུགས་འདུན་མངོན་འགྱུར་བྱས་ཏེ་ལས་གཏོད་གསར་གཏོད་ཀྱི་སྤྲོ་སེམས་འཕེལ་བ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
         འགོ་འཛུགས་མཛད་སྒོ་འཚོགས་པ་དང་སྦྲགས་འདི་ལོའི་ལོ་འཁོར་གྱི་འགྲན་བསྡུར་ཉིན་དེ་ནས་བཟུང་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་མིང་ཐོ་འགོད་འགོ་ཚུགས་པ་རེད། འགྲན་བསྡུར་དེ་ལོ་35མ་ཡོལ་བའི་ལས་གཏོད་གཞོན་ནུ་དང་ཆ་སྙོམས་ལོ་35མན་གྱི་ལས་གཏོད་ཚོགས་པར་ཕྱོགས་པ་དང་། ལྷག་པར་དུ་རྒྱལ་ཁབ་ཀྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་མཐུན་པའི་རྣམ་གྲངས་མིང་འགོད་འགྲན་བསྡུར་ནང་ཞུགས་རྒྱུར་སྐུལ་ལྕག་བྱས་ཤིང་། རྒྱ་ཆེའི་གཞོན་ནུ་ལས་གཏོད་གསར་གཏོད་ཚོགས་པས“ས་ཁུལ་གྱི་འགྲན་བསྡུར་དང་རྒྱལ་ཡོངས་ཀྱི་འགྲན་བསྡུར་ཟུང་དུ་འབྲེལ་བ”དང“ཕྱོགས་བསྡུས་འགྲན་བསྡུར་དང་ཆེད་དོན་འགྲན་བསྡུར་ཟུང་དུ་འབྲེལ་བ”སོགས་བྱ་ཐབས་ཀྱི་ཚོད་བགམ་ཐེག་ཐུབ་པ་བྱ་རྒྱུ་དང་། རྒྱལ་ཁ་ཐོབ་མཁན་འདི་ལོའི་ཟླ་10པར་ཤིས་ཨན་དུ་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད།
         འགོ་འཛུགས་མཛད་སྒོའི་ཐོག་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ལས་དོན་ཚོགས་པ་དང་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ་དང་ཧྲའན་ཤིས་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཀྲུང་གོ་གཞོན་ནུ་གསར་གཏོད་ལས་གཏོད་ས་ཁོངས་ལྟེ་གནས་ཀྱི་མཉམ་ལས་བརྗེད་ཐོར་མིང་རྟགས་བཀོད་པ་དང་འབྲེལ་བྱང་བུ་སྤྲད་པ་རེད། ཚོགས་ཞུགས་སྐུ་མགྲོན་ཚོས་ད་དུང་པེ་ཅིང་ལས་གཏོད་ཀུང་ཧྲེ་དང་ཐེན་ཅིན་མངོན་འགྱུར་པའི་བཟོ་ཁང་མཉམ་གཏོད་བར་མཐོངས་སོགས་ཚན་པ་37ལ་རྒྱལ་ཡོངས་ཀྱི་ཁག་གསུམ་པའི“རྒྱལ་ཡོངས་གཞོན་ནུ་ལས་གཏོད་དཔེ་སྟོན་གླིང”གི་གཟི་བརྗིད་སྒོ་བྱང་སྤྲད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། “ལང་ཚོ་གཏོད”ཅེས་པའི་ཀྲུང་གོའི་གཞོན་ནུའི་ལས་གཏོད་གསར་གཏོད་འགྲན་བསྡུར་2014ལོ་ནས་ད་བར་སྐབས་3གཉེར་བ་དང་གཞོན་ནུ་ལས་གཏོད་གསར་གཏོད་ཚོགས་པ་ཁྱོན་ཁྲི་23.3འགྲེམས་སྟོན་དང་འགྲན་བསྡུར་ཁག་ནང་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།