འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥ་རན་སེའི་རྒྱལ་ས་ཕ་རི་སི་རུ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་ནས་ཉེན་རྟོག་པ་ཞིག་
    གི་རང་སྲོག་ཤོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་21ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཧྥ་རན་སེའི་རྒྱལ་ས་ཕ་རི་སི་རུ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་ནས་ཉེན་རྟོག་པ་ཞིག་
གི་རང་སྲོག་ཤོར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན། ཧྥ་རན་སེ་ནང་སྲིད་པུའུ་ནས་སྤེལ་བའི་གནས་འཕྲིན་ལྟར་ན། མེ་མདའ་འཁྱེར་བའི་མི་ཞིག་གིས་ཉིན་དེའི་དགོང་མོར་ཕ་རི་སིའི་ཞང་ཞེ་ལི་ཧྲི་སྲང་ལམ་གྱི་ཉེན་རྟོག་པའི་རླངས་འཁོར་ལ་གཏད་ནས་མེ་མདའ་འཕངས་སྟབས། ཉེན་རྟོག་པ་ཞིག་གི་སྲོག་ཤོར་བ་དང་། ཉེན་རྟོག་པ་གཉིས་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཅིང་། མེ་མདའ་རྒྱག་མཁན་དེར་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་བསད་པ་རེད།
         ཧྥ་རན་སེའི་ནང་སྲིད་པུའུ་ཡི་མགྲིན་ཚབ་པ་ཕི་ཨའེ་དབྱི་ཧེང་ལི་པུའུ་ལན་ཏེས་ཉིན་དེར་སྨྱན་སྦྱོར་ཁང་གི་བཅའ་འདྲི་དང་ལེན་བྱེད་དུས། ཉེན་རྟོག་པར་བསམ་ངན་འཆང་བ་དང་། མེ་མདའ་རྒྱག་མཁན་གྱི་ཐོབ་ཐང་ངོས་འཛིན་བྱེད་བཞིན་ཡོད་པ་དང་། ཁོང་ལ་རོགས་པ་གཅིག་གམ་ཁ་ཤས་ཡོད་པས། ཉེན་རྟོག་ཕྱོགས་ཀྱིས་ཞིབ་བཤེར་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
    ཐལ་སྐྱོད་རྩ་འཛུགས་"དབྱི་སི་ལམ་རྒྱལ་ཁབ"ཀྱིས་ཨ་མཱ་ཁེ་གསར་འགྱུར་ཁང་བརྒྱུད་དེ་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ཁོང་ཚོས་བཟོས་པའི་ཁྱབ་བསྒྲགས་བྱས་པ་དང་། འཇབ་རྒོལ་བྱེད་མཁན་ནི་པེར་ཀྲེམ་ནས་ཡོང་བའི་ཚོགས་པ་འདིའི་ཁོངས་མི་ཡིན་ལུགས་བརྗོད་ཡོད་པ་རེད། 
        ཧྥ་རན་སེའི་ཙུང་ཐུང་འདེམས་བསྐོ་ཐེངས་དང་པོའི་འདེམ་ཤོག་ནི་ཟླ་4ཚེས་23འཕེན་རྒྱུ་ཡིན་པ་དང་། དབྱེ་ཞིབ་པས། ཐེངས་འདིའི་མེ་མདའ་བརྒྱབ་པའི་དོན་རྐྱེན་འདིའི་རྐྱེན་པས་ཧྥ་རན་སེའི་འདེམས་དམངས་ཚོ་"བདེ་འཇགས་"ཀྱི་སེམས་ངལ་ཇེ་ཆེར་ཕྱིན་ཏེ། འདེམས་བསྐོའི་གནས་ཚུལ་རྙོག་འཛིང་སྔར་ལས་ཆེ་རུ་འགྲོ་ངེས་ཀྱི་འདོད་ཚུལ་འཛིན་བཞིན་ཡོད་པ་རེད། 
    ༄༅།།ཧྥ་རན་སེའི་རྒྱལ་ས་ཕ་རི་སི་རུ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་ནས་ཉེན་རྟོག་པ་ཞིག་
གི་རང་སྲོག་ཤོར་བ།
    ༄༅།།ཧྥ་རན་སེའི་རྒྱལ་ས་ཕ་རི་སི་རུ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་ནས་ཉེན་རྟོག་པ་ཞིག་
གི་རང་སྲོག་ཤོར་བ།
    ༄༅།།ཧྥ་རན་སེའི་རྒྱལ་ས་ཕ་རི་སི་རུ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་ནས་ཉེན་རྟོག་པ་ཞིག་
གི་རང་སྲོག་ཤོར་བ།
      

    ཕྱོགས་བསྡུས་གསར་འགྱུར།