འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ"རུལ་སུངས་ཆུང་གྲས"ཞིབ་གཅོད་བྱས་ཚུལ་ཟླ་རེར་སྙན་ཞུ་རེ་བྱ་རྒྱུ་
    ལག་བསྟར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་20ཉིན། 15:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན།  "རུལ་སུངས་ཆུང་གྲས"དང་འབྲེལ་བའི་གནད་དོན་གྱི་ཁུངས་སྣེ་དང་གནས་ཚུལ་ཤེས་རྟོགས་སྔར་ལས་གནད་དུ་འཁེལ་བར་བྱ་ཆེད། ཉེ་སྔོན། བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་དེ་སྔའི་མང་ཚོགས་ཀྱི་མཁྲིས་སུ་བྱུང་བའི"རུལ་སུང་ཆུང་གྲས"དུས་ཆིགས་རེར་སྙན་ཞུ་རེ་བྱ་རྒྱུའི་ལམ་ལུགས་དེ་ཟླ་བ་རེར་སྙན་ཞུ་རེ་བྱ་རྒྱུའི་ལམ་ལུགས་སུ་བསྒྱུར་པ་རེད། 
        བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས"དེ་སྔའི་དུས་ཚིགས་རེར་སྙན་ཞུ་རེ་བྱ་རྒྱུའི་ལམ་ལུགས་ནི་འཁོར་ཡུན་རིང་བ་དང་། གནས་ཚུལ་ཤེས་རྟོགས་དུས་ཐོག་ཏུ་བྱེད་མི་ཐུབ་པའི་སྐྱོན་ཡོད་པས།  གྲོང་ཁྱེར་དང་ས་ཁུལ་ཁག་གི་གནད་དོན་གྱི་ཁུངས་སྣེ་དང་གནད་དོན་ཐག་གཅོད་བྱས་ཚུལ་ཤེས་རྟོགས་སྔར་ལས་གནད་དུ་འཁེལ་བར་བྱེད་པ་མ་ཟད། མང་ཚོགས་ཀྱིས་བསམ་འཆར་མང་པོ་བཏོན་པ་དང་དབུལ་སྐྱོར་ཁྱབ་ཁོངས་དང་འབྲེལ་བའི་གནད་དོན་གྱི་ཁུངས་སྣེ་གཙོ་གནད་དུ་བཟུང་སྟེ་ལྟ་སྐུལ་གྱིས་ཞིབ་གཅོད་བྱ་ཆེད། ད་ལོ་ནས་འགོ་བརྩམས་ཏེ་ང་ཚོས་ཟླ་བ་རེར་ཆེད་དོན་དབྱེ་ཞིབ་སྙན་ཞུ་ཞིག་གྲུབ་པར་བྱས་པ་ཡིན"ཞེས་བརྗོད་ལ། ཟླ་བ་རེའི་དབྱེ་ཞིབ་སྙན་ཞུར་གཞིགས་ན། གྲོང་ཁྱེར་དང་ས་ཁུལ་ཁག་ཏུ"རུལ་སུང་ཆུང་གྲས"གནད་དོན་གྱི་ཁུངས་སྣེ་ག་ཚོད་ཡོད་པ་དང་། ཞིབ་གཅོད་ལེགས་འགྲུབ་ག་ཚོད་བྱས་ཡོད་པ། ཁྱབ་ཁོངས་གང་དང་གང་དུ་ཐོན་ཡོད་པ། འབྲེལ་ཡོད་སྒྲིག་ཁྲིམས་ལས་འགལ་བའི་མི་སྣར་ཆད་གང་ཞིག་གཅོད་ཡོད་པ་སོགས་ཀྱི་གནས་ཚུལ་བལྟས་པ་ཙམ་གྱིས་རྟོགས་ཐུབ་པར་གྱུར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོའི་སྔོན་གྱི་ཟླ་བ་གཉིས་ལ་བོད་ལྗོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་རིམ་པ་ཁག་གིས་ཁྱོན་བསྡོམས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་གནད་དོན་གྱི་ཁུངས་སྣེ་54བདག་སྤྲོད་བྱས་པ་དང་། གྱོད་གཞི་32ཞིབ་གཅོད་ལེགས་འགྲུབ་བྱས་ཡོད་ཅིང་། མི་27ལ་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ་དང་། ཁྲིམས་འཛིན་ལས་ཁུངས་ལ་མི་5སྐྱེལ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།