འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཏེང་ཡུང་གིས་སི་ཁྲོན་ཞིང་ཆེན་ཨུ་ལྷན་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་བཞེས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་11ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཏེང་ཡུང་གིས་སི་ཁྲོན་ཞིང་ཆེན་ཨུ་ལྷན་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་བཞེས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་ཚིགས་ཀྱི“སྲིད་གཞུང་གི་འགོ་ཁྲིད”ཅེས་པའི་ལེ་ཚན་ལས་ཏེང་ཡུང་གིས་སི་ཁྲོན་ཞིང་ཆེན་ཨུ་ལྷན་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་བཞེས་ཟིན་ཡོད་པ་གསལ་བ་རེད། གཞན་《སི་ཁྲོན་ཉིན་རེར་ཚགས་པར་》གྱི་ཟླ་3ཚེས་29ཉིན་གྱི་གནས་འཕྲིན་ལ་གཞིགས་ན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཏེང་ཡུང་གིས་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་གྱི་འགན་བཞེས་པར་ཆོག་མཆན་བཀོད་ཡོད་པ་རེད།
         བློ་མཐུན་ཏེང་ཡུང་གི་ལོ་རྒྱུས་མདོར་བསྡུས།
         ཏེང་ཡུང་། རྒྱ་རིགས། 1961ལོའི་ཟླ་7པར་སྐྱེས་པ་དང་། པེ་ཅིང་ནས་ཡིན་ཞིང་། པེ་ཅིང་གྲོང་ཁྱེར་ཨུ་ལྷན་ཏང་གི་སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད། 1979ལོའི་ཟླ་10པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པ་དང་། 1977ལོ་ཟླ་1པོར་ལས་ཀར་ཞུགས་པ་རེད། ད་ལྟ་སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་འཛིན་གཞོན་པ་དང་སྤྱི་བདེ་ཐིང་གི་འགོ་འཛིན་བཅས་ཀྱི་འགན་བཞེས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།