འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ནོར་ཝེ་རུ་སྤྱི་སྤྱོད་རླངས་འཁོར་དུ་སྡོད་སྐབས་ཉེན་འགོག་ཐག་པ་མ་བཅིངས་ན་ཆད་
    པ་ནན་པོ་གཅོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་10ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ནོར་ཝེ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་ནོར་ཝེ་སྤྱི་པའི་འགྲོ་ལམ་དོ་དམ་ཅུས་ཀྱིས་གཟའ་འཁོར་གོང་མར་སྤྱི་སྤྱོད་རླངས་འཁོར་སྡོད་སྐབས་ཉེན་འགོག་ཐག་པ་མ་བཅིངས་པའི་འགྲུལ་པ་237ལ་མི་རེར་ཆད་པ་ནོར་ཝེའི་ཁེ་ལང་1500(མི་དམངས་ཤོག་སྒོར་1155དང་མཚུངས)བཅད་པ་རེད།
         གནས་ཚུལ་སྤེལ་བར་གཞིགས་ན། ནོར་ཝེའི་སྤྱི་པའི་འགྲོ་ལམ་དོ་དམ་ཅུས་ཀྱིས་གཟའ་འཁོར་གོང་མར་རྒྱལ་ཡོངས་སུ་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་535དང་འགྲུལ་པ་9230ལ་འཕྲལ་སྒྲུབ་ཞིབ་བཤེར་བྱས་པས་དེའི་ནང་གི་ཁ་ལོ་བ་གཅིག་ལ་ཉེན་འགོག་ཐག་པ་མ་བཅིངས་པའི་ཆད་པ་བཅད་པ་རེད།
         “ཆད་པ་གཅོད་པ་ནི་སྣང་ཚུལ་དེ་རིགས་མེད་པར་བཟོ་སྟངས་ཤིག་རེད། ཆད་པ་གཅོད་དོན་གཙོ་བོ་ནི་མི་རྣམས་ཀྱིས་ཉེན་འགོག་ཐག་པ་མ་བཅིངས་པའི་ཚབས་ཆེན་རང་བཞིན་རྟོགས་ཆེད་རེད། སྤྱི་སྤྱོད་རླངས་འཁོར་དུ་སྡོད་སྐབས་ཉེན་འགོག་ཐག་པ་མ་བཅིངས་པར་བར་ཆད་འཕྲད་ཚེ་རང་ཉིད་ལ་རྨས་སྐྱོན་ཕོག་སྲིད་པ་མ་ཟད། འགྲུལ་པ་གཞན་དག་ལའང་གནོད་འཚེ་ཚབས་ཆེན་བཟོ་སྲིད་པས་རླངས་འཁོར་ཆུང་གྲས་དང་སྤྱི་སྤྱོད་རླངས་འཁོར་གང་ཡིན་རུང་ཉེན་འགོག་ཐག་པ་འཆིང་བའི་གོམས་གཤིས་འཇགས་གལ་ཆེ”ཞེས་ནོར་ཝེའི་སྤྱི་པའི་འགྲོ་ལམ་དོ་དམ་ཅུས་ཀྱི་གཙོ་གཉེར་བ་དབྱིང་ཀེ་ལི་ཏེ·ལུའུ་ཐེ་ན་སིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།