འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།གོ་ལ་ཧྲིལ་པོའི་དཀར་ཆུའི་ཐོན་ཟོག་ཉོ་ཚོང་ལས་སྟེགས་ཀྱི་སྟོན་གྲངས་1.7%འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་10ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་གོ་ལ་ཧྲིལ་པོའི་དཀར་ཆུའི་ཐོན་ཟོག་ཉོ་ཚོང་ལས་སྟེགས་ཀྱིས་ཡོངས་བསྒྲགས་བྱས་པའི་ཉོ་ཚོང་གི་གཞི་གྲངས་ལས་མངོན་པ་ལྟར་ན། ཉེ་ཆར་གྱི་ཧབ་ཚོང་ལ་གོ་ལ་ཧྲིལ་པོའི་དཀར་ཆུའི་ཐོན་ཟོག་ཉོ་ཚོང་རིན་གོང་གི་སྟོན་གྲངས་1.7%འཕར་ཡོད་པ་རེད།
         གོ་ལ་ཧྲིལ་པོའི་དཀར་ཆུའི་ཐོན་ཟོག་ཉོ་ཚོང་ལས་སྟེགས་དེ་ནེའུ་ཙི་ལན་གཏན་དུ་རང་བྱུང་ཀུང་སིས་གཙོས་རྒྱལ་སྤྱིའི་དཀར་ཆུའི་ཐོན་ཟོག་འཚོང་མཁན་ལས་གྲུབ་པ་ཞིག་ཡིན་ཞིང་། སྤྱིར་ན་གཟའ་འཁོར་གཉིས་རེར་དཀར་ཆུའི་ཐོན་ཟོག་ཧབ་ཚོང་ཐེངས་རེ་སྒྲིག་འཛུགས་བྱེད་ཀྱི་ཡོད་པས་ཉོ་མཁན་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་90ལྷག་ཙམ་ལ་ཁྱབ་པ་མ་ཟད། དེའི་ཧབ་ཚོང་རིན་གོང་གིས་གོ་ལ་ཧྲིལ་པོའི་དཀར་ཆུའི་ཐོན་ཟོག་གི་རིན་གོང་གཏན་འཁེལ་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད།
         ཉེ་ཆར་གྱི་ཧབ་ཚོང་ལ་དམིགས་ཚད་ཀྱི་དོན་སྙིང་ལྡན་པའི་བཅུད་འཛོམས་འོ་རྩམ་ཉོ་ཚོང་གི་རིན་གོང་དེ་ཏུན་རེར་ཨ་སྒོར་2855ཟིན་པ་དེ་ཧབ་ཚོང་གོང་མ་ལས་2.9%འཕར་ཡོད། བཅུད་འཛོམས་འོ་རྩམ་གྱི་རིན་གོང་ནི་གཏན་དུ་རང་བྱུང་སོགས་དཀར་ཆུའི་ཐོན་ཟོག་ཁེ་ལས་ཆེ་གྲས་ཀྱིས་འོ་མ་ཉོ་བའི་རིན་གོང་གཏན་འཁེལ་གྱི་དམིགས་ཚད་གལ་ཆེན་ཞིག་རེད།
         ནེའུ་ཙི་ལན་དཀར་ཆུའི་ལས་རིགས་དབྱེ་ཞིབ་མཁས་ཅན་གྱིས་ཉེ་ཆར་གྱི་དཀར་ཆུའི་ཐོན་ཟོག་ཧབ་ཚོང་བྱས་པའི་ཐོན་རྫས་ཀྱི་གྲངས་ཚད་དེ་ཧབ་ཚོང་གོང་མ་ལས་10%མང་དུ་ཕྱིན་ཡོད་ཀྱང་ཉོ་ཚོང་གི་རིན་གོང་སྟོན་གྲངས་དེ་གོང་དང་བསྡུར་ན་ཕྲན་བུ་འཕར་ཡོད་པས་སྔར་བཞིན་མཁོ་མཁན་མང་པོ་ཡོད་པ་དེས་ཁྲོམ་རའི་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།