འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ནུས་རྒྱུ་གསར་པའི་ཐོན་ལས་ཀྱིས་མཚོ་སྔོན་མཚོ་ནུབ་ཀྱི“ལྗང་མདོག་འཕེལ་རྒྱས”
    ལ་རམ་འདེགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་10ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དཔྱིད་འགོར་མཚོ་བོད་ས་མཐོར་གྲང་ངད་ཅུང་ཟད་ཆེ་རུང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་མངའ་ཁོངས་ཀྱི་ཚྭ་འདམ་གཤོང་སར་ཚ་བ་ཆེ་ཙམ་ཡོད་པས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། དེ་གར་ནི་ཀྲུང་གོའི་འོད་འཕྲོའི་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་། ཉི་འོད་འཕྲོ་བའི་དུས་ཚོད་རིང་ལ་ཉི་འོད་འཕྲོ་ཤུགས་ཆེ་བས་ཀྲུང་གོའི“ཉི་འོད་ཁུལ”ཞེས་བརྗོད་ཀྱི་ཡོད།
         ཉེ་དུས་མཚོ་ནུབ་ཀྲོའུ་ཡི་2017ལོའི་ཐོག་མའི་རྣམ་གྲངས་ཁག་400གཅིག་སྡུད་ཐོག་ལས་འགོ་ཚུགས་པ་དང་། བསྐྱར་དུ་ལས་འགོ་འཛུགས་བཞིན་ཡོད། དེ་དག་ཐོན་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད། དམངས་འཚོའི་འདུ་འགོད་སོགས་ཁྱབ་ཁོངས་ལ་ཁྱབ་ནས་བསྡོམས་མ་འཇོག་སྒོར་དུང་ཕྱུར་1141ཟིན་ཞིང་། ཉི་འོད་དང་རླུང་གློག་གཙོ་བོར་བྱས་པའི་ནུས་རྒྱུ་གསར་པའི་ཐོན་ལས་རྣམ་གྲངས་ལ་མ་དངུལ་གཏོང་ཚད་སྔོན་རྩིས་ལྟར་ན་སྒོར་དུང་ཕྱུར་210ཟིན་རྒྱུ་རེད།
         མཚོ་ནུབ་ཀྲོའུ་ལ་དམིགས་བསལ་ཁྱད་ཆོས་ལྡན་པའི་ཐོན་ཁུངས་དང་ས་གཤིས་ཀྱི་ལེགས་ཆ་ལྡན་པ་དང་། ས་རྒྱ་ཆེ་ལ་ས་ཁོད་སྙོམས་པ། ཉི་འོད་འདང་ངེས་འཕྲོ་བ་བཅས་ཡོད་པས། ཉི་འོད་ནུས་པའི་ཐོན་ལས་འཛུགས་སྐྲུན་བྱ་ཡུལ་ས་ཆ་སྤྱི་ལེ་ངོས་གྲུ་ཁྲི་10ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་མིང་དབྱང་ནུས་རྒྱུ་གསར་པ་ཚད་ཡོད་ཀུང་སི་2015ལོའི་ཟླ་12པར་སྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། མིང་དབྱང་ནུས་རྒྱུ་གསར་པ་མ་འཇོག་མ་རྐང་ཚད་ཡོད་ཀུང་སིའི་མ་དངུལ་ཡོངས་གཏོང་གི་ཡན་ལག་ཀུང་སི་ཞིག་ཡིན། གཙོ་བོ་རླུང་ནུས་དང་འོད་ནུས་ཐོན་ཁུངས་གསར་སྤེལ་དང་། གློག་ར་འཛུགས་སྐྲུན། སྒྲིག་ཆས་སྒྲིག་སྦྱོར་གསར་སྤེལ་དང་། ཐོན་སྐྱེད། ཕྱིར་ཚོང་བཅས་དང་། དེ་བཞིན་འཁོར་སྐྱོད་དང་། སྲུང་སྐྱོང་། ཞབས་ཞུ་སོགས་ལས་སྒོ་གཉེར་གྱི་ཡོད། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གསར་པའི་ཐོན་ལས་བཟོ་སྐྲུན་དཔེ་སྐྲུན་རྟེན་གཞི་ཧུར་ཐག་སྐྲུན་པ་དང་སྦྲགས་མཚོ་སྔོན་ཞིང་ཆེན་ལྟེ་བར་བྱེད་པ་དང་ཀན་སུའུ་དང་། ཉིང་ཞ། ཤིན་ཅང་བཅས་དང་ཐ་ན་ཨེ་ཤེ་ཡ་དབུས་མ་དང་ནུབ་མ་བཅས་ལ་ཁྱབ་པའི་རླུང་ནུས་དང་འོད་ནུས་ཐོན་ཁུངས་གསར་སྤེལ་དང་ཐོན་སྐྱེད་བྱེད་པའི་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་འཐབ་ཇུས་རྟེན་གཞི་ཞིག་ཏུ་ཧུར་ཐག་གྱུར་བ་བྱས་ཡོད།
         མཚོ་ནུབ་ནི་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ས་མཆོག་ཅིག་ཡིན་པས། ང་ཚོས་ཚྭ་འདམ་གཤོང་སའི་ས་ཁུལ་གྱི་ཕུན་སུམ་ཚོགས་པའི་འོད་ནུས་དང་རླུང་ནུས་ཐོན་ཁུངས་ལ་གཞིགས་ནས་མཚོ་སྔོན་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་ནུས་རྒྱུ་གསར་པའི་རྣམ་གྲངས་ཆེན་པོ་དང་འབྲེལ་མཐུད་བྱས་ཏེ། མཚོ་སྔོན་དུ་རླུང་གློག་དང་ཉི་འོད་ཀྱི་སྒྲིག་ཆས་བཟོ་སྐྲུན་དང་རླུང་འོད་ཕན་གསབ་གློག་ཁང་གི་ཐོན་ལས་གཞི་གཅིག་ཅན་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་110བཏང་ནས་མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གསར་པ་དང་སྒྲིག་ཆས་བཟོ་སྐྲུན་གཞི་གཅིག་ཅན་གྱི་ཐོན་ལས་སྦྲེལ་ཐག་འཕེལ་རྒྱས་ཆེན་པོ་ཡོང་རྒྱུར་རམ་འདེགས་བྱ་རྩིས་ཡོད་པ་རེད།
        ཉེ་བའི་ལོ་ཤས་ནང་མཚོ་ནུབ་ཀྲོའུ་ཡིས་ཉི་འོད་ནུས་པ་དང་རླུང་གློག་སོགས་ནུས་རྒྱུ་གཙང་མ་དང་བསྐྱར་སྐྱེའི་ནུས་རྒྱུ་འཕེལ་རྒྱས་ཧུར་ཐག་བཏང་ནས། དྭངས་གཙང་དང་། ནུས་ཆེ། བདེ་འཇགས། རྒྱུན་མཐུད་བཅས་ཀྱི་དེང་རབས་ནུས་རྒྱུའི་མ་ལག་སྐྲུན་མགྱོགས་སུ་བཏང་སྟེ། ཚན་ཞིབ་སྟོབས་ཤུགས་དང་མ་དངུལ་དེ་བས་མང་བ་གསར་དར་ཐོན་ལས་འཕེལ་རྒྱས་ལ་གཏོང་ཐུབ་པ་བྱས་ནས་སྒུལ་ནུས་གསར་རྙིང་བརྗེ་བསྒྱུར་གྱིས་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་ཀྱི་ཚད་གཞི་དང་དཔེ་སྟོན་མ་ལག་སྐྲུན་བཞིན་ཡོད། ད་ཆ་འདི་གའི་རླུང་དང་འོད་ཀྱི་ནུས་ཚད་ཚང་མ་ནུས་ཚད་ཆེན་པོ་ཞིག་ཏུ་བསྡུས་ནས་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་མཚོ་ནུབ་ཀྲོའུ་ཡང་རྒྱལ་ཁབ་ཀྱི་གཙོ་གནད་ཉི་འོད་གློག་གཏོང་རྟེན་གཞིར་གྱུར་ཡོད།
         མཚོ་ནུབ་ཀྲོའུ་སྲིད་གཞུང་གི་འགན་འཁུར་བས“ནུས་རྒྱུ་གསར་པའི་རྣམ་གྲངས་ནི་འདི་ལོའི་མ་འཇོག་གི་གཙོ་གནད་ཁུལ་དུ་གྱུར་རྒྱུ་དང་འདི་ལོའང་མཚོ་ནུབ་ཀྲོའུ་ཡི་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་ཆེས་གཅིག་སྡུད་དང་གཞི་ཁྱོན་ཆེ་ཤོས་ཀྱི་ལོ་ཞིག་ཏུ་གྱུར་རྒྱུ་རེད། འདི་ལོ་མཚོ་ནུབ་ཀྲོའུ་ཡིས་རྒྱལ་ཁབ་ཀྱི་ཐཱན་མེད་ནུས་རྒྱུ་གཙང་མའི་དཔེ་སྟོན་རྟེན་གཞིར་མུ་མཐུད་ཧུར་ཐག་གཏོད་དེ་མཚོ་སྔོན་གྱི་ཆན་ཝ་ཁྲི་སྟོང་རིམ་པའི་ཉི་འོད་ནུས་པའི་ཐོན་ལས་འཕེལ་རྒྱས་ཀྱི་རྟེན་གཞི་བསྐྲུན་རྒྱུ་རེད། དེ་ཙམ་མ་ཚད་ད་དུང་རྒྱལ་ཡོངས་ཀྱི་སྔོན་དུ་ལག་བསྟར་བྱེད་པའི་སྔོན་ཐོན་ལག་རྩལ་གྱི་ཉི་འོད་གློག་གཏོང་དཔེ་སྟོན་རྟེན་གཞི་བསྐྲུན་རྒྱུའི་འཆར་འགོད་ལ་གཙོ་གནད་ཐོག་སྐུལ་མ་གཏོང་བ་དང་སྦྲགས་ནུས་རྒྱུ་གཙང་མ་འདྲེན་གཏོང་རྟེན་གཞི་ཕྱོགས་ཡོངས་ནས་བསྐྲུན་འགོ་འཛུགས་རྒྱུ་རེད”ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།