འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཅིབ་རྒྱལ་ཁབ་ཀྱི་བྱང་རྒྱུད་དུ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་43གྲོངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་10ཉིན། 15:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཨེ་ཅིབ་རྒྱལ་ཁབ་ཀྱི་བྱང་རྒྱུད་དུ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་43གྲོངས་པ།
          མི་དམངས་དྲ་བའི་འཕྲིན། ཨེ་ཅིབ་འཕྲོད་བསྟེན་སྡེ་ཁག་གིས་སྤེལ་བའི་གནས་འཕྲིན་ལྟར་ན། ཟླ་4ཚེས་9ཉིན། ཨེ་ཅིབ་རྒྱལ་ཁབ་ཀྱི་བྱང་རྒྱུད་གྲོང་ཁྱེར་ཐན་ཐཱ་དང་ཨ་ལི་ཧྲན་ཏཱ་གཉིས་ཀྱི་ཆོས་ཁང་དུ་འབར་གས་ཀྱི་འཇབ་རྒོལ་དོན་རྐྱེན་བྱུང་བས། ཉུང་མཐར་ཡང་མི་43གྲོངས་པ་དང་། མི་100ལྷག་ལ་རྨས་ཕོག་པ་རེད། རྒྱལ་ཁབ་མང་པོ་ཞིག་གིས་འཇབ་རྒོལ་དོན་རྐྱེན་བྱུང་བ་འདི་ཉིད་ལ་རྒོལ་གཏམ་བཏང་བ་རེད།
          ཐན་ཐཱ་གྲོང་ཁྱེར་ནི་རྒྱལ་ས་ཁེ་རོ་ཡི་བྱང་ཕྱོགས་ཀྱི་སྤྱི་ལེ་94ཡི་མཚམས་ན་ཡོད་ཅིང་། ཨེ་ཅིབ་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཨང་ལྔ་པ་ཡིན་པ་རེད། ཆོས་ཁང་ཞིག་ཏུ་འབར་གས་གྱི་དོན་རྐྱེན་བྱུང་བ་ནི་ཆོས་ཁང་གི་བཞུགས་ཁྲིའི་འོག་གི་འབར་གས་དངོས་པོ་ནས་གས་པ་ཡིན་པ་རེད། དོན་རྐྱེན་བྱུང་བའི་ཉིན་དེ་ནི་ཡེ་ཤུའི་ཆོས་ལུགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་སྟོན་པ་གནས་མཆོག་ཏུ་ཕེབས་པའི་དུས་ཆེན་གྱི་ཉིན་ཡིན་ཞིང་། ཆོས་པ་11000ལྷག་ཙམ་གྱིས་ཆོས་ཁང་དུ་ཆོས་ལུགས་བྱེད་སྒོ་སྤེལ་བཞིན་ཡོད་པ་རེད། ད་ལྟ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་27བར་འཕར་བ་དང་། རྨས་སྐྱོན་ཕོག་པ་མི་གྲངས་78ཡོད་པ་རེད།
         ཆུ་ཚོད་གསུམ་གྱི་རྗེས་སུ། ཨེ་ཅིབ་རྒྱལ་ཁབ་བྱང་རྒྱུད་ཀྱི་མཚོ་ཁའི་གྲོང་ཁྱེར་ཨ་ལི་ཧྲན་ཏཱ་ཡི་ཆོས་ཁང་ཞིག་ཏུའང་རང་ལྕེབས་འབར་གས་གྱི་འཇོབ་རྒོལ་དོན་རྐྱེན་བྱུང་བ་རེད། ལུས་སུ་འབར་རྫས་བཏགས་ཡོད་པའི་འཇབ་རྒོལ་ཞིག་གིས་ཆོས་ཁང་གི་ཕྱི་རོལ་ནས་འབར་གས་སྤར་ཞིང་། དོན་རྐྱེན་བྱུང་དུས། ཁོ་ཕུའུ་ཐི་གྲུབ་མཐའི་ཆོས་དཔོན་ཐ་ཝ་ཏེ་ལོ་སི་གཉིས་པས་ཆོས་ཁང་དུ་བྱེད་སྒོ་གཙོ་སྐྱོང་གནང་བཞིན་ཡོད་པ་དང་། ཁོང་ལ་གནོད་པ་བྱུང་མེད་པ་རེད། འཇབ་རྒོལ་དོན་རྐྱེན་དུ་མང་ཚོགས་16གྲོངས་པ་དང་། རྨས་སྐྱོན་ཕོག་མི་41བྱུང་བ་རེད། ད་ལྟ་འབར་གས་ཀྱི་འཇབ་རྒོལ་བྱུང་བའི་ཆོས་ཁང་གི་ཉེ་འཁོར་དུ་ཁོང་ཁྲོ་ལངས་པའི་མང་ཚོགས་ཀྱིས་ཁེངས་ཡོད་ཅིང་། ས་གནས་དེ་གའི་ཉེན་རྟོག་མི་སྣས་ཡུལ་དངོས་སུ་སྒྲིག་ལམ་སྲུང་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།