འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་ཀྲོའུ་ཡིས་ཡུལ་སྐོར་གྲགས་ཅན་གྲོང་རྡལ་ཆེན་པོ་བཅུ་དང་ཡུལ་སྐོར་ཆེད་ལས་གྲོང་
    ཚོ་80གཏོད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་07ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀན་ལྷོ་ཀྲོའུ་ཡིས་《ཀན་ལྷོ་ཀྲོའུ་ཡི་རྒྱལ་ཁབ་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་གཏོད་པའི་ལག་བསྟར་ཇུས་གཞི་》པར་འགྲེམས་བྱས་ཏེ་མ་འོངས་ལོ་གསུམ་ནང་ཀན་ལྷོ་ཀྲོའུ་ཡིས་ཡུལ་སྐོར་གཟུགས་བརྙན་དང་སྣེ་ལེན་ནུས་པ་ཆེ་རུ་བཏང་ནས་2018ལོར་སླེབས་སྐབས་ཡུལ་སྐོར་གྲགས་ཅན་གྲོང་རྡལ་ཆེན་པོ་བཅུ་དང་ཡུལ་སྐོར་ཆེད་ལས་གྲོང་ཚོ་80གཏོད་རྒྱུ་རེད།
         ཀན་ལྷོ་ཀྲོའུ་ཡིས“དར་གོས་ལམ་བུའི་དཔལ་འབྱོར་ཁུལ”གྱི་ཀན་སུའུ་ཡི་ལམ་དུམ་ཡག་ཤོས་འཛུགས་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ་ཀྲུང་གོ་ཤེས་དཔལ་རྒྱུན་འཛིན་གསར་གཏོད་ཁུལ་དང་རྒྱལ་ཁབ་ཀྱི་བོད་རིགས་དང་། ཆའང་རིགས། དབྱི་རིགས་བཅས་ཀྱི་རིག་གནས་ཐོན་ལས་བར་ཁྱམས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས“ལྗང་མདོག་འགྲོ་སྐྱོད་དང་། ཐཱན་ཉུང་འཚོ་བ། བདེ་ཐང་མི་ཚེ། སྤྱོད་གཙང་སྤྱི་ཚོགས”བཅས་ཀྱི་འཚོ་བ་སྐྱེལ་སྟངས་གྲོས་འགོ་བཏོན་པ་དང་། ཆོས་ལུགས་རིག་གནས་དང་། དམངས་སྲོལ་གོམས་གཤིས། ས་མཐོའི་སྣོད་བཅུད། གསར་བརྗེའི་ཡུལ་སྐོར་བཅས་བརྗོད་དོན་ཆེན་པོ་བཞིའི་ཡུལ་སྐོར་སྤུས་རྟགས་ཧུར་ཐག་གཏོད་པ། “ལྟེ་བ་གཅིག་དང་། ཁུལ་གསུམ། ས་གནས་གསུམ། ལམ་ཐིག་བཞི། ཁྱབ་ཁུལ་དྲུག”བཅས་ཀྱི་ཡུལ་སྐོར་འཕེལ་རྒྱས་རྣམ་པ་ཆེན་པོ་གཏོད་པ་བཅས་བྱས་ཏེ་ཡུལ་སྐོར་ཐོན་ལས་དེང་རབས་ཅན་དང་། ཡུལ་སྐོར་ཐོན་རྫས་ཁྱད་ལྡན་ཅན། ཡུལ་སྐོར་བྱེད་པོ་སྤུས་རྟགས་ཅན། ཡུལ་སྐོར་ཁྲོམ་ར་རྒྱལ་སྤྱི་ཅན་བཅས་མངོན་འགྱུར་མགྱོགས་པོ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།