འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཨུ་རུ་སུས་མཉམ་དུ་པར་ལེན་བྱེད་པའི་དངོས་མཚོན་གློག་བརྙན་《ཡུལ་འདི་
    ནི་ཀྲུང་གོ་ཡིན་》ཞེས་པ་སྟོན་འགོ་ཚུགས་པའི་མཛད་སྒོ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་07ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་4ཉིན། ཀྲུང་གོ་དང་ཨུ་རུ་སུས་མཉམ་དུ་པར་ལེན་བྱེད་པའི་དངོས་མཚོན་གློག་བརྙན་《ཡུལ་འདི་ནི་ཀྲུང་གོ་ཡིན་》ཞེས་པའི་འཁྲབ་ཚན་དང་པོ་སྟོན་འགོ་ཚུགས་པའི་མཛད་སྒོ་ཚེས་4ཉིན་ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དུ་གཉེར་བ་རེད། གློག་བརྙན་དེའི་དམིགས་ཡུལ་ནི་ཨུ་རུ་སུའི་མི་དམངས་ལ་ཀྲུང་གོའི་སྲོལ་རྒྱུན་རིག་གནས་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ནས་ཕྱོགས་གཉིས་པོའི་དབར་གྱི་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་ཐེབས་རྒྱུ་དེ་ཡིན།
         《ཡུལ་འདི་ནི་ཀྲུང་གོ་ཡིན་》ཞེས་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི“ཀྲུང་གོའི་གནས་ཚུལ་དངོས་མཚོན”བརྒྱུད་བསྒྲགས་ལས་དོན་གྱི་གཙོ་གནད་རྣམ་གྲངས་ཡིན་པས་ཀྲུང་གོའི་རིག་སྐྲུན་དང་ཀྲུང་གོའི་གསར་གཏོད་ལ་དམིགས་ནས་དེང་གི་ཀྲུང་གོའི་འཕེལ་རྒྱས་ཀྱི་གཙོ་རྒྱུན་མཚོན་རྒྱུ་དང་ཆབས་ཅིག་ཀྲུང་གོའི་ཅིང་ཅུད་ཁྲང་ཞི་དང་། དྲག་རྩལ། བརྐོས་རྒྱག་སོགས་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་ངོམ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།