འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རི་བོ་ཧི་མ་ལ་ཡའི་དབུལ་ཁུལ་གྱི་གངས་འཁྱགས་ཁྲོད་སྐོར་ཞིབ་ཏུ་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་07ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་བཞི་པའི་ནང་སར་མེ་ཏོག་མང་པོ་བཞད་རུང་རི་བོ་ཧི་མ་ལ་ཡའི་དབུལ་ཁུལ་སྔར་བཞིན་གངས་འཁྱགས་ཀྱིས་བསྡམས་ཡོད་པ་རེད། 2017ལོའི་ཟླ་4ཚེས་4ཉིན་བོད་ལྗོངས་མངའ་རིས་ས་མཐོའི་བཀྲ་ཤིས་སྒང་དུ་བཅའ་སྡོད་མཐའ་སྲུང་ལན་ཞིག་གིས་འཆར་གཞི་ལྟར་ས་བབ་མཐོ་ཚད་སྨི་4800ལྷག་ཙམ་ཟིན་པའི་རི་བོ་ཞིག་ལ་སྐོར་ཞིབ་ཏུ་བསྐྱོད་ཅིང་། སྐོར་ཞིབ་དཔོན་དམག་གིས་ཆུ་ཚོད་གསུམ་ལྷག་ཙམ་རིང་དྲོད་ཚད་དམའ་བ་དང་། གསོ་རླུང་དཀོན་པ། ཁོར་ཡུག་ཞན་པ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་རྐང་ཐང་མར་བསྐྱོད་ནས་མཐའ་སྲུང་ས་མཚམས་ཀྱི་བདེ་འཇགས་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་པ་རེད། གོང་གི་པར་རིས་ནི་དཔོན་དམག་གིས་རྔ་སྤང་སྒང་བརྒལ་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།