འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་འགོག་སྲུང་ཐོན་རྫས་པར་ཙིར་གྱི་འགོག་སྲུང་འགྲེམས་སྟོན་ནང་གཅིག་སྡུད་ཐོག་སྟོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་07ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀྲུང་གོའི་འགོག་སྲུང་ཐོན་རྫས་པར་ཙིར་གྱི་འགོག་སྲུང་འགྲེམས་སྟོན་ནང་གཅིག་སྡུད་ཐོག་སྟོན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་4ཉིན་གློག་འཕྲིན་འབྱོར་གསལ། དུས་ཡུན་ཉིན་བཞི་ཡིན་པའི་2017ལོའི་ལ་ཏིང་མེ་གླིང་གི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་དང་འགོག་སྲུང་འགྲེམས་སྟོན་(པར་ཙིར་གྱི་འགོག་སྲུང་འགྲེམས་སྟོན་ཞེས་ཀྱང་བརྗོད་)ཚེས་4ཉིན་པར་ཙིར་གྱི་ལི་གཡོད་རེ་ནེ་ལུའུ་རུ་འགོ་ཚུགས་པ་རེད། ཀྲུང་གོ་རྒྱལ་ཁབ་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི་ཁེ་ལས་མང་པོ་ཞིག་གིས“ཀྲུང་གོའི་འགོག་སྲུང”གི་སྤྱིའི་གཟུགས་བརྙན་གྱི་ཐོག་ནས་འགྲེམས་སྟོན་ནང་ཞུགས་པ་རེད།
        ད་ཐེངས་ཀྱི“ཀྲུང་གོའི་འགོག་སྲུང”འགྲེམས་སྟོན་ནང་ཞུགས་མཁན་ཚོགས་པའི་གྲས་སུ། འཇིག་རྟེན་འཕུར་སྐྱོད་རྒྱང་སྐྱོད་རྒྱལ་སྤྱིའི་ཚོང་དོན་ཚད་ཡོད་ཀུང་སི་དང་། ཀྲུང་གོ་འཕྲུལ་ཆས་རྩེ་གྲྭ་ཕྱིར་གཏོང་ནང་འདྲེན་ཚད་ཡོད་ཀུང་སི། ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་རྒྱལ་སྤྱིའི་ཚོང་དོན་ཚད་ཡོད་ཀུང་སི། པའོ་ལི་ཚན་རྩལ་ཚད་ཡོད་ཀུང་སི་བཅས་ཀྱི་གོ་མཚོན་ཉོ་ཚོང་གི་ཁེ་ལས་བཞི་ཚུད་ཡོད། བརྒྱུད་ལམ་སྣེ་མང་གི་བྱེད་ཐབས་དང་དེ་བཞིན་དངོས་པོ་དང་། དཔེ་དབྱིབས། བྱེ་གཞོང་སོགས་ཀྱི་ཐོག་ནས་ཀྲུང་གོའི་རྒྱལ་སྲུང་ཚན་རྩལ་བཟོ་ལས་ནུས་པ་མངོན་པའི་དམག་དོན་ཚོང་དོན་གྱི་ཐོན་རྫས་རབ་དང་རིམ་པ་འགྲེམས་སྟོན་བྱས་པ་རེད།
         པར་ཙིར་གྱི་འགོག་སྲུང་འགྲེམས་སྟོན་དེ་1997ལོར་འགོ་བཙུགས་པ་དང་པར་ཙིར་རྒྱལ་སྲུང་པུས་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་ལོ་གཉིས་རེར་སྐབས་རེ་གཉེར་གྱི་ཡོད། སྐབས་འདིའི་འགྲེམས་སྟོན་ནང་རྒྱལ་ཁབ་27ནས་ཡོང་བའི་ཁེ་ལས་600ལྷག་ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། ཨ་རིའི་པོ་དབྱིན་ཀུང་སི་དང་། དབྱིན་ཇིའི་མཁའ་འགྲུལ་དང་འཇིག་བརྟེན་འཕུར་སྐྱོད་ཁོངས་གཏོགས་ཀུང་སི། པར་ཙིར་མཁའ་འགྲུལ་བཟོ་ལས་ཀུང་སི་སོགས་འཛམ་གླིང་གི་འགོག་སྲུང་ཐོན་རྫས་ཀུང་སི་ཆེ་གྲས་ཚང་མ་སྐབས་འདིའི་འགྲེམས་སྟོན་ཐོག་ཞུགས་ཡོད་པ་རེད། གོང་གི་པར་རིས་ནི་པར་ཙིར་གྱི་ལི་གཡོད་རེ་ནེ་ལུའུ་རུ་ལྟ་སྐོར་བས་པར་ཙིར་འགོག་སྲུང་འགྲེམས་ཚོགས་ཀྱི་ཀྲུང་གོའི་འགྲེམས་ཁུལ་དུ་ལེའོ་ཉིང་གྲུ་གཟིངས་ཀྱི་དཔེ་དབྱིབས་ལ་ལྟ་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།