འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་ཉེན་རྟོག་ཕྱོགས་ཀྱི“མཉམ་འབྲེལ་ལྔའི”མཉམ་ལས་ཀྱིས་གཙང་གསུམ་ཆུ་
    འགོའི་རྒྱལ་ཁབ་སྤྱི་གླིང་ལ་གཡས་གཞོགས་གཡོན་འདེགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་07ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་དྲིལ་བསྒྲགས་ཁྲུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་མཚོ་སྔོན་ཞིང་ཆེན་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་དང་མཐུན་སྦྱོར་བྱས་ནས“མཉམ་འབྲེལ་ལྔའི”ཉེན་དོན་མཉམ་ལས་ལམ་སྲོལ་བཙུགས་ཏེ་བདེ་འཇགས་སྔོན་འགོག་ཚོད་འཛིན་དྲ་རྒྱ་དང་། མཐའ་མཚམས་འགྲོ་ལམ་ཞིབ་བཤེར་ཚོད་འཛིན། སྤྱི་བདེ་སྲིད་འཛིན་ཞབས་ཞུ། ཉེན་དོན་ཐོན་ཁུངས་འཛུགས་སྐྱོང་། ཉེན་རྟོག་དང་སྨྱན་སྦྱོར་མཉམ་ལས་དྲིལ་བསྒྲགས་སོགས“གཞི་གཅིག་ཅན་དྲུག”བྱེད་པོར་བྱས་པའི་ཉེན་དོན་མཉམ་ལས་གཏོད་པའི་དམིགས་ཡུལ་ནི་སྤྱི་ཚོགས་བརྟན་ལྷིང་དང་སྣོད་བཅུད་བདེ་འཇགས་ལ་སྔར་བས་སྲུང་སྐྱོང་བྱེད་པ་དང་། སྣོད་བཅུད་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པ། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཐའ་མཚམས་ས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་ཆེད་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་ཉེན་དོན་མཉམ་ལས་ལམ་སྲོལ་གྱིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུས་དཔལ་གྲགས་མངགས་གཏོང་ཁང་དང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཉའོ་ཏུང་སྤྱི་བདེ་རིམ་པ་གཉིས་པའི་ཞིབ་བཤེར་ས་ཚིགས་གཞི་རིམ་གྱི་འབྲེལ་གཏུག་བྱ་ཡུལ་དུ་བྱས་པ་དང་མཉམ་འགོག་མཉམ་བཅོས་ཀྱི་དྲ་རྒྱ་ཐུན་མོང་ཐོག་བསྐྲུན་ཏེ་ཉེན་དོན་ཆ་འཕྲིན་ཕན་ཚུན་བརྒྱུད་གཏོང་དང་། ཉེན་རྟོག་སྟོབས་ཤུགས་ཀྱི་ཐོན་ཁུངས་མཉམ་སྤྱོད། མཐའ་མཚམས་མཉམ་འགོག་མཉམ་འགུལ། ཁྲིམས་འཛིན་གྱོད་སྒྲུབ་རོགས་རེས། ཞིབ་འཇུག་དཔྱད་གཅོད་ཆ་འཕྲིན་མཉམ་སྤྱོད་བཅས་བྱས་ཐོག་ལྟ་ཞིབ་ཚད་ལེན་དྲ་རྒྱ་མཉམ་སྐྲུན་དང་སྐོར་ཞིབ་སྲུང་སྐྱོང་ལམ་ཐིག་ལེགས་སུ་བཏང་ནས་མཐའ་མཚམས་སྤྱི་ཚོགས་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་ནུས་པ་ཆེ་རུ་བཏང་བ་རེད།
         ཉེན་དོན་མཉམ་ལས་ལམ་སྲོལ་བཙུགས་ཚུན། ཕྱོགས་གཉིས་པོས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བབ་བསྟུན་གྱི་བྱེད་ཐབས་བཟོ་བ་དང་། “མཉམ་འགོག་དྲ་རྒྱ་ཆེན་པོ”བཟོ་བ། བདེ་འཇགས་སྔོན་བརྡ་གཏོང་བའི་ཆ་འཕྲིན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། མཐའ་མཚམས་ནགས་ཁུལ་གྱི་ཆ་འཕྲིན་དྲ་རྒྱ་འཛུགས་པ་བཅས་བྱས་པས་དོ་དམ་ཚོད་འཛིན་ནུས་ལྡན་ཐུབ་པ་དང་རིགས་ཁག་གི་གྱོད་གཞི་ཐོན་ཉུང་དུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།