འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།པེར་ཀྲེམ་གྱིས་ཕུའུ་ཧྲི་རྟ་རྒོད་ཀྲུང་གོར་སྐྱེལ་རྒྱུར་དགའ་སྐྱེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་07ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།པེར་ཀྲེམ་གྱིས་ཕུའུ་ཧྲི་རྟ་རྒོད་ཀྲུང་གོར་སྐྱེལ་རྒྱུར་དགའ་སྐྱེལ་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་4ཉིན། པེར་ཀྲེམ་ལྷོ་རྒྱུད་ཀྱི་ཨ་ཏན་ས་མཐོར་གནས་པའི་ཧན་རུང་ཏུང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་ཚེས་4ཉིན་མཛད་སྒོ་གཟབ་རྒྱས་གཉེར་ནས་ཀྲུང་གོར་སྐྱེལ་ཉེར་ཡོད་པའི་ཕུའུ་ཧྲི་རྟ་རྒོད་ལ་དགའ་སྐྱེལ་བྱས་པ་རེད།
         པེར་ཀྲེམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཆོས་ཤིང་གིས་དགའ་སྐྱེལ་མཛད་སྒོའི་ཐོག་ཀྲུང་གོར་སླེབས་ཉེར་ཡོད་པའི་ཕུའུ་ཧྲི་རྟ་རྒོད་དེ་ཀྲུང་གོར་ཡོད་པའི་པེར་ཀྲེམ་གྱི“ཕོ་ཉར”འགྱུར་རྒྱུ་རེད། སྐབས་དེར་ཀྲུང་གོའི་དམངས་ཚོགས་ཁྲོད་པེར་ཀྲེམ་ཝ་ལུང་ཁུལ་ཆེན་དང་དེ་བཞིན་ཧན་རུང་ཏུང་བདག་ཏུ་མ་བཟུང་བའི་སྲོག་ཆགས་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐད་གྲགས་ཆོད་ཚད་ཆེ་རུ་འགྲོ་རྒྱུ་རེད་ཅེས་བཤད་པ་རེད།
         ལོ་རྒྱུས་ཐོག་ཡོ་རོབ་དང་མེ་གླིང་རྒྱལ་ཁབ་ཀྱི་མྱུལ་དཔྱད་རུ་ཁག་གིས་འཛེམ་བག་མེད་པར་རྔོན་རྒྱག་པ་དང་ཁོར་ཡུག་སོགས་ཀྱིས་རྐྱེན་པས་ཀྲུང་གོའི་ཕུའུ་ཧྲི་རྟ་རྒོད་དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུར་རྩ་བའི་ཆ་ནས་སྟོངས་ཡོད། འཛམ་གླིང་ཐོག་སྟོངས་ལ་ཉེ་བའི་སྲོག་ཆགས་དེར་སྲུང་སྐྱོབ་བྱ་ཆེད་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་མཐུན་སྦྱོར་རྒྱུད་སྤེལ་འཆར་གཞི་ལག་བསྟར་བྱས་ཡོད། 1986ལོ་ནས་བཟུང་ཀྲུང་གོའི་ནགས་ལས་པུས་དབྱིན་ཇི་དང་འཇར་མན་སོགས་རྒྱལ་ཁབ་ནས་ཕུའུ་ཧྲི་རྟ་རྒོད་ནང་འདྲེན་བྱས་པས་རྟ་རྒོད་ཀྱི་འབྱུང་གནས་སུ་རྟ་རྒོད་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།     གོང་གི་པར་རིས་ནི་པེར་ཀྲེམ་ཧན་རུང་ཏུང་བདག་ཏུ་མ་བཟུང་བའི་སྲོག་ཆགས་རང་བྱུང་སྲུང་སྐྱོང་ཁུལ་ནས་པར་བླངས་པའི་ཕུའུ་ཧྲི་རྟ་རྒོད་ཀྱི་པར་ཡིན་པ་རེད།
    ༄༅།།པེར་ཀྲེམ་གྱིས་ཕུའུ་ཧྲི་རྟ་རྒོད་ཀྲུང་གོར་སྐྱེལ་རྒྱུར་དགའ་སྐྱེལ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།