འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས“གློག་ནུས་ཚབ་བྱེད”སྤྱད་པ་ལས་ལོ་བཞི་ཡི་ནང་དབྱང་གཉིས་ཐཱན་
    འགྱུར་འབུད་ཚད་ཏུན་ཁྲི་360ཉུང་རུ་ཕྱིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་21ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་19ཉིན་ཉེ་ཆར་གསར་འགོད་པར་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱུང་བར། 2013ལོ་ནས་བཟུང་གློག་ནུས་ཚབ་བྱེད་རྣམ་གྲངས་ཁྱབ་གདལ་ལག་བསྟར་བྱས་ཚུན། 2016ལོའི་ལོ་མཇུག་བར་མཚོ་སྔོན་གྱིས་ཁྱོན་གློག་ནུས་ཚབ་བྱེད་རྣམ་གྲངས་243ལེགས་སྒྲུབ་བྱས་པས་ཚབ་བྱེད་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་33.99མངོན་འགྱུར་བྱུང་སྟེ་རིམ་རྩིས་ལྟར་ན་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་360ཉུང་དུ་ཕྱིན་ཡོད་པ་རེད།
         གློག་ནུས་ལ་ཕན་འབྲས་ཆེ་བ་དང་། ནུས་རྒྱུ་གྲོན་ཆུང་བ། གམ་གཙང་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། གློག་ནུས་ཚབ་བྱེད་ནི་མཐའ་སྣེའི་ནུས་རྒྱུའི་འཛད་སྤྱོད་ཐད་གློག་ནུས་ཀྱིས་རྡོ་སོལ་བསྲེགས་པ་དང་འཕྲུལ་སྣུམ་གྱི་ཚབ་བྱེད་པའི་ནུས་རྒྱུའི་འཛད་སྤྱོད་བྱེད་ཐབས་ཤིག་རེད།
         རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་ཚོང་གཉེར་པུའི་ཀྲུའུ་རེན་ཀྲེན་ཅེ་ཡིས་འདས་ཟིན་པའི་ལོ་གཅིག་ནང་མཚོ་སྔོན་གྱིས་མཚོ་སྔོན་པོ་སྐོར་བའི་ས་ཁུལ་དང་། གཙང་གསུམ་ཆུ་འགོའི་ས་ཁུལ། ཟི་ལིང་གྲོང་ཁྱེར་སོགས་ས་གནས་མང་པོའི་གློག་ནུས་ཚབ་བྱེད་ཚོང་ལས་ཚ་ཕུམ་དང་། གློག་ཐབ། ཁྱིམ་ཚང་གི་གློག་ཤུགས། ཞིང་ལས་ལྷན་སྦྱར་སྒྲིག་བཀོད་ཀྱི་ཁྱབ་ཁོངས་བཅས་རྒྱ་བསྐྱེད་ལ་གཙོ་གནད་ཐོག་ཁྱབ་གདལ་བཏང་ནས་ཚ་ཕུམ་ཆན་ཝ་ཁྲི་7.6མང་དུ་བཏང་བས་ཞིང་འབྲོག་པ་དུད་ཚང་ཁྲི་3.6ལ་གློག་དྲོད་ས་ཁྲི་དང་གློག་དྲོད་སྐྱི་ཁྱབ་པ་བྱས་ཡོད་ཅེས་ངོ་སྤྲོད་བྱས།
         བཟོ་ལས་ཐོན་སྐྱེད་ཁྱབ་ཁོངས་སུ་2016ལོར་མཚོ་སྔོན་ཞིང་ཆེན་ཁེ་ལས་ཀྱི་རྡོ་སོལ་རང་གྲབས་འཕྲུལ་ཙུའུ་ཡིས་གཤོང་ཚད་སྒོ་རྒྱག་མཚམས་འཇོག་བྱེད་ཚད་ཆན་ཝ་ཁྲི་70ཟིན་པ་དང་ཚབ་བྱེད་གློག་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་30ཟིན་ཏེ་རྡོ་སོལ་ཟད་གྲོན་ཏུན་ཁྲི་121ཉུང་དུ་ཕྱིན་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་360ཉུང་དུ་ཕྱིན་ཡོད།
         “2017ལོར་ང་ཚོས་གློག་ནུས་ཚབ་བྱེད་རྣམ་གྲངས་293དང་ཚབ་བྱེད་ཐེག་ཚད་ཆན་ཝ་ཁྲི་337.7ལག་བསྟར་བྱས་ཏེ་ཚབ་བྱེད་གློག་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་19མངོན་འགྱུར་ཡོང་བ་བྱེད་རྩིས་ཡོད། མཚོ་སྔོན་པོ་སྐོར་བའི་གློག་ནུས་ཚབ་བྱེད་ཀྱི་སྤྱི་ཡོངས་ཁྱབ་གདལ་ས་ཁོངས་འཛུགས་སྐྲུན་ལ་གཙོ་གནད་ཐོག་སྐུལ་མ་གཏོང་བ་དང་ནུས་རྒྱུ་གཙང་མས་དྲོད་རླངས་མཁོ་འདོན་ལ་སྐུལ་མ་གཏོང་བ་དང་ཆབས་ཅིག བཟོ་ལས་ཁྱབ་ཁོངས་ཀྱི་ནུས་རྒྱུ་གྲོན་ཆུང་གི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཏེ་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་གསར་གཏོད་དང་། ལྗང་མདོག མཐུན་སྦྱོར་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་རོགས་བྱ་རྒྱུ་རེད”ཅེས་ཀྲེན་ཅེ་ཡིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།