འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བཀྲ་ཤིས་ལྷ་བྱ་ཁྲུང་ཁྲུང་སྐེ་ནག

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་17ཉིན། 09:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཁྲུང་ཁྲུང་མགོ་ཁྲ་ཁྱུ་བསྒྲིགས་ནས་མཁའ་དབྱིངས་སུ་འཕུར་བ།
    ཁྲུང་ཁྲུང་མགོ་ཁྲ་ཁྱུ་བསྒྲིགས་ནས་མཁའ་དབྱིངས་སུ་འཕུར་བ།
          མི་དམངས་དྲ་བའི་འཕྲིན། ཁྲུང་ཁྲུང་སྐེ་ནག་ལ་བཀྲ་ཤིས་པའི་ལྷ་བྱ་ཞེས་འབོད་ལ་གོ་ལ་ཧྲིལ་པོའི་ཁྲུང་ཁྲུང་རིགས་ཀྱི་འདབ་ཆགས་ཁྲོད་ས་མཐོར་འཚོ་བ་སྐྱེལ་མཁན་གྱི་འབའ་ཞིག་དེའང་ཡིན།
         ཀྲུང་གོ་ཚན་རིག་ཁང་ཁྲུང་ཁྲུང་སྐེ་ནག་ཞིབ་འཇུག་རིགས་གཅིག་མཁས་ཅན་གྱིས་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་པར་གཞིགས་ན། ཀྲུང་གོའི་ཁྲུང་ཁྲུང་སྐེ་ནག་ལ་ས་ཁམས་ཀྱི་རིགས་ཆེན་པོ་གསུམ་ཙམ་ཡོད་པ་དང་ལོ་ལྟར་སྟོན་མཇུག་འགྲིལ་བ་ནས་དཔྱིད་ཀ་ཤར་བའི་མཚམས་བར་ཁོང་ཚོས་ཅུང་གཏན་འཇགས་ཀྱི་ལམ་ཐིག་གསུམ་བརྒྱུད་ནས་ཀུའེ་ཡོན་འབྲེལ་མཚམས་ཀྱི་རྩྭ་ཐང་དང་རི་བོའི་རྒྱུད་དང་། ཡུན་ནན་ནུབ་བྱང་གི་འཕྲེད་བཅད་རི་ཁུལ་དང་དེ་བཞིན་བོད་ཀྱི“གཙང་པོ་གཅིག་དང་ཆུ་བོ་གཉིས”(ཡར་ཀླུང་གཙང་པོ་དང་། ལྷ་ས་སྐྱིད་ཆུ། མྱང་ཆུ་གཙང་པོ་བཅས)རྒྱུད་དུ་དགུན་སྒྲོལ་དང་འཚོ་སྡོད་བྱེད་ཀྱི་ཡོད།
         ལྷ་སར་དགུན་སྒྲོལ་བྱེད་པར་ཡོང་བའི་ཁྲུང་ཁྲུང་སྐེ་ནག་ནི་ནུབ་རྒྱུད་ཀྱི་འདབ་ཆགས་རིགས་ཡིན་ལ། གནས་སྤོའི་ལམ་བུ་ཉེན་ཁ་ཆེ་ཤོས་ཀྱི་འདབ་ཆགས་རིགས་ཤིག་ཀྱང་རེད།
         འདབ་ཆགས་དེ་དག་འཚོ་སྡོད་བྱ་ཡུལ་ནི་ས་བབ་མམཐོ་ཤོས་དང་ཆ་རྐྱེན་ཞན་ཤོས་ཡིན་པ་དང་། ལོ་ལྟར་ཤིན་ཅང་གི་ཤར་ལྷོའི་རྒྱུད་དང་། མཚོ་སྔོན་གྱི་ལྷོ་རྒྱུད། བོད་བྱང་རྩྭ་ཐང་བཅས་བརྒྱུད་ཉེན་ཁ་ཤིན་ཏུ་ཆེ་བའི་གདང་ལ་དང་གཉན་ཆེན་ཐང་ལ་བརྒལ་ཏེ་མཐར་དགུན་སྒྲོལ་བྱ་ཡུལ་དུ་འབྱོར་གྱི་ཡོད།
    【1】  【2】
    ཁྲུང་ཁྲུང་སྐེ་ནག་གཉིས་ཀྱིས་གཤོག་པ་བརྐྱངས་ཏེ་ཞིང་ནང་ནས་འཕུར་རྩིས་བྱེད་པ།
    ཁྲུང་ཁྲུང་སྐེ་ནག་གཉིས་ཀྱིས་གཤོག་པ་བརྐྱངས་ཏེ་ཞིང་ནང་ནས་འཕུར་རྩིས་བྱེད་པ།
    ཅི་དགར་འཕུར་བའི་ཁྲུང་ཁྲུང་སྐེ་ནག
    ཅི་དགར་འཕུར་བའི་ཁྲུང་ཁྲུང་སྐེ་ནག
      

    ཕྱོགས་བསྡུས་གསར་འགྱུར།