འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བརྡ་ཁྱབ་དྲིལ་བསྒྲགས་བྱེད་དུས་སྒྲོ་འདོགས་པ་ནི་འཛད་སྤྱོད་པས་དྲ་ཐོག་ནས་ཚོང་ཟོག་
    ཉོ་སྐབས་ཀྱི་སེམས་ཁྲལ་ཆེ་ཤོས་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་21ཉིན། 13:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཚེས་15ཉིན“དྲ་ཐོག་ཉོ་སྒྲུབ་ཀྱི་ཡིད་རྟོན་དང་འཛད་སྤྱོད་པའི་ངོས་འཛིན”རྟོག་ཞིབ་སྙན་ཞུ་ཁྱབ་བསྒྲགས་བྱས་པའི་ནང་། འཛད་སྤྱོད་པ་དྲ་རྒྱའི་འཛད་སྤྱོད་ཁོར་ཡུག་དང་དྲ་རྒྱའི་ཟོག་ཉོའི་འཛད་སྤྱོད་ལ་གཞི་རྩའི་ཆ་ནས་ཡིད་ཚིམས་ཡོད་མོད། ཡིན་ན་ཡང་བཅར་འདྲི་དང་ལེན་བྱེད་མཁན་50%ལྷག་ཙམ་གྱིས་བརྡ་ཁྱབ་དྲིལ་བསྒྲགས་བྱེད་དུས་སྒྲོ་འདོགས་པར་ཡང་ན་ཚོང་ཟོག་དངོས་དང་མི་མཐུན་པའི་གནས་ཚུལ་ཧ་ཅང་ཚབས་ཆེན་འདུག་ཅེས་བརྗོད་ཅིང་། དེ་ནི་འཛད་སྤྱོད་པའི་སེམས་ཁྲལ་ཆེ་ཤོས་སུ་གྱུར་འདུག་ཅེས་འཁོད་ཡོད།
         བརྟག་དཔྱད་བྱས་འབྲས་ལས་མངོན་པར་གཞིགས་ན། དྲ་ཐོག་ཉོ་སྒྲུབ་ཁྲོད་ཀྱི་འཛད་སྤྱོད་པ་70.3%གྱིས་གྱོན་ཆས་དང་ལྷམ་དང་ལྟོ་ཕད་སོགས་གཙོ་བོ་ཉོ་གི་ཡོད་པ་དང་། 53.5%ཡིས་བཟའ་བཅའ་དང་ཁྱིམ་ཆས་སོགས་གཙོ་བོ་ཉོ་གི་ཡོད་ཅིང་། འདི་གཉིས་ནི་ཚོང་ཟོག་འཛད་སྤྱོད་རིགས་ཀྱི་ཨང་དང་པོ་དང་གཉིས་པ་ཡིན་པ་རེད། བཅར་འདྲི་དང་ལེན་བྱེད་མཁན་39.6%གིས་བཟའ་བཅའ་སོགས་ཉོ་མྱོང་ཡོད་ལ་འདི་ནི་ཞབས་ཞུའི་རང་བཞིན་གྱི་འཛད་སྤྱོད་འགྲོ་གྲོན་ཆེ་ཤོས་རེད། སྐད་འཕྲིན་ཚོང་ཁང་ནས་འཛད་སྤྱོད་བྱེད་མཁན་དང་། དྲ་ཐོག་ནས་མགྲོན་ཁང་མངགས་མཁན། ཁྱིམ་ཚང་ཞབས་ཞུ་དང་ལེན་བྱེད་མཁན་བཅས་ཀྱི་བསྡུར་གྲངས་གཞི་རྩའི་ཆ་ནས་ཅུང་དམའ་པོ་ཡོད།
         བརྟག་དཔྱད་བྱས་འབྲས་ལས་མངོན་པར་གཞིགས་ན། འཛད་སྤྱོད་པ་དྲ་རྒྱའི་འཛད་སྤྱོད་ཁྲོམ་རར་ཡིད་ཚིམས་ཚད་68.7%ཟིན་ནས་ཆུ་ཚད་འབྲིང་གི་རབ་སླེབས་ཡོད། འཛད་སྤྱོད་པ་ཡིད་རྟོན་གདེང་འཇོག་དང་། ཆ་འཕྲིན་བདེ་འཇགས། ཉོས་རྗེས་ཀྱི་ཞབས་ཞུ་སོགས་ལ་ཡིད་ཚིམས་ཚད་ལྟོས་བཅས་ཀྱིས་ཅུང་དམའ་བ་ལས་དྲ་རྒྱའི་འཛད་སྤྱོད་ལས་སྟེགས་དང་ཚོང་པས་ཕྱོགས་འདི་དག་ཐད་ད་དུང་ལེགས་སུ་གཏོང་དགོས་པ་མཚོན་གྱི་ཡོད་པ་རེད།
         རིན་གོང་ཐད། དྲ་རྒྱའི་འཛད་སྤྱོད་ཀྱི་གནད་དོན་ཆེ་ཤོས་ནི་སྤུས་གོང་མི་འཚམ་པ་དང་། གོང་གཅོག་ཁུལ་བྱེད་པ། རིན་གོང་ནས་མགོ་སྐོར་གཏོང་བ་བཅས་ཡིན་ཏེ། དེ་དག་གི་སོ་སོར་51.7%དང་། 47.3% 32.3%བཅས་བཟུང་ཡོད། འཛད་སྤྱོད་པས་དྲ་ཐོག་ནས་ཉོ་སྒྲུབ་བྱེད་སྐབས་ཆེས་དགའ་པོ་མེད་པའི་སྣང་ཚུལ་ཞིག་ནི“གོང་སྤར་རྗེས་ཡང་བསྐྱར་གཅོག་ཁུལ་བྱེད་པ”ཡིན་པས་དེར་ངོ་རྒོལ་བྱེད་ཚད་47.5%ཟིན་ཡོད།
         དྲ་ཐོག་ནས་དངུལ་སྤྲོད་པའི་ཐད། བཅར་འདྲི་དང་ལེན་བྱེད་མཁན་87.3%གྱིས་དྲ་ཐོག་ནས་ཚོང་ཟོག་ཉོ་སྐབས་ཕྱོགས་གསུམ་པ(སྐད་འཕྲིན་དང་གཏོང་སྤྲོད་འབོ་སོགས)བརྒྱུད་དེ་སྤྲོད་ཀྱི་ཡོད་པ་དང་། ཕྱོགས་གསུམ་པ་བརྒྱུད་དེ་སྤྲོད་པ་ནི་དྲ་ཐོག་ནས་ཚོང་ཟོག་ཉོ་མཁན་ཚོའི་གདམ་ག་དང་པོར་གྱུར་ཡོད། གཞན་ཡང་། དྲ་ཐོག་དངུལ་ཁང་དང་ལག་ཐོགས་ཁ་པར་དངུལ་ཁང་བརྒྱུད་དེ་སྤྲོད་མཁན་གྱིས་སོ་སོར་40.7%དང་31.0%བཟུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།