འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སོ་ཏི་ཨ་རབ་ཀྱི་དཔལ་འབྱོར་ལས་རིགས་མི་སྣས་སོ་ཏི་ཨ་རབ་དང་ཀྲུང་གོས་མཉམ་ལས་
    ལ་ཤུགས་སྣོན་རྒྱག་རྒྱུའི་རེ་སྒུག་ཆེན་པོ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་21ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སོ་ཏི་ཨ་རབ་རྒྱལ་ལྡན་རྒྱལ་ཁབ་ཀྱི་རྒྱལ་པོ་ས་ལེ་མན་གྱིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་སྐབས་སོ་ཏི་ཨ་རབ་ཀྱི་དཔལ་འབྱོར་ལས་རིགས་མི་སྣས་སོ་ཏི་ཨ་རབ་དང་ཀྲུང་གོའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་འཕེལ་རྒྱས་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ལྷག་པར་དུ་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་སོ་ཏི་ཨ་རབ་ཀྱི“2030ལོའི་རེ་འདུན”སྦྲེལ་མཐུད་གཏིང་ཟབ་ཐུབ་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།
         སོ་ཏི་ཨ་རབ་ཀྱི་རྡོ་སྣུམ་དང་དཔལ་འབྱོར་རིག་པ་མཁས་ཅན་མུའུ་ཧན་མོ་ཏེ·ས་པན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོའི་ཕྱི་ཕྱོགས་སྒོ་དབྱེའི་སྲིད་ཇུས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་འགྲོ་བ་དང་བསྟུན་ནས་ཀྲུང་གོ་མགྱོགས་མྱུར་དང་གོམ་སྟབས་བརྟན་པོའི་ངང་འཕེལ་རྒྱས་བྱུང་སྟེ་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་གཉིས་པར་འཕེལ་རྒྱས་བྱུང་བས་རྒྱལ་སྤྱིའི་གར་སྟེགས་ཐོག་དེ་བས་གལ་ཆེ་བའི་གཟུགས་བརྙན་མངོན་བཞིན་ཡོད་ཅེས་བཤད།
         ས་པན་གྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དེ་ནུས་རྒྱུའི་མཁོ་སྤྲོད་དང་ཁ་འབྲལ་ཐབས་མེད། སོ་ཏི་ཨ་རབ་དེ་ཀྲུང་གོའི་རྡོ་སྣུམ་བདེ་འཇགས་དང་བློས་འགེལ་ཆོག་པའི་ངང་མཁོ་འདོན་བྱེད་མཁན་ཞིག་ཏུ་གྱུར་ཐུབ། སོ་ཏི་ཨ་རབ་ལོ་མང་བསྟུད་མར་ཀྲུང་གོའི་མ་བཅོས་རྡོ་སྣུམ་གྱི་མཁོ་སྤྲོད་རྒྱལ་ཁབ་ཆེ་ཤོས་ཤིག་རེད་ཅེས་བཤད།
         ས་པན་གྱིས་ན་ནིང་ནས་འདི་ལོ་བར་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་ཕན་ཚུན་འཚམས་འདྲི་བྱེད་པ་དེས་སོ་ཏི་ཨ་རབ་དང་ཀྲུང་གོའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧ་ཅང་ཆེན་པོ་ཐེབས་ནས་སོ་ཏི་ཨ་རབ་དང་ཀྲུང་གོའི་འབྱུང་འགྱུར་མཉམ་ལས་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད།
         སོ་ཏི་ཨ་རབ་དང་ཀྲུང་གོའི་ཚོང་དོན་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སོ་ཏི་ཨ་རབ་ཨ་ཅི་ལན་ཚོགས་པའི་ཏུང་ཧྲི་ཀྲང་གཞོན་པ་མུའུ་ཧན་མོ་ཏེ·ཨ་ཅི་ལན་གྱིས་སོ་ཏི་ཨ་རབ་ཀྱི“2030ལོའི་རེ་འདུན”གྱི་ལྟེ་བའི་ནང་དོན་ནི་མ་འཇོག་ཁྱབ་ཁོངས་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན་པའི་ནང་སོ་ཏི་ཨ་རབ་ཀྱིས་ཕྱི་ཕྱོགས་སུ་མ་འཇོག་དང་ཕྱི་རྒྱལ་ཁེ་ལས་སོ་ཏི་ཨ་རབ་ཏུ་མ་འཇོག་བྱ་རྒྱུ་ཚུད་ཡོད་པས། འོན་ཀྱང་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་སོ་ཏི་ཨ་རབ་ཀྱི་འཕེལ་རྒྱས་ཀྱི་རེ་འདུན་དང་རྦད་དེ་འཚམ་ཡོད་ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།