འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱིས"སྐལ་བཟང་མེ་ཏོག་མཛེས་ཤོས་"ལ་གཟེངས་བསྟོད་བྱེད་པའི་
    ཚོགས་ཆེན་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་10ཉིན། 15:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་རང་སྐྱོང་ལྗོངས་ཀྱིས'སྐལ་བཟང་མེ་ཏོག་མཛེས་ཤོས་'ལ་གཟེངས་བསྟོད་བྱེད་པའི་
ཚོགས་ཆེན་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་8ཉིན། བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ཆེ་བའི་བུད་མེད་རྣམས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཞུགས་ནས་གྲུབ་འབྲས་ལེགས་པོ་ཐོབ་པ་དང་། སྟོབས་ཤུགས་ཆེར་བསྐྱེད་ཀྱིས་བོད་ལྗོངས་ཀྱི་བུད་མེད་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་བསྟོད་བསྔགས་བྱ་ཕྱིར། ཟླ་3ཚེས་7ཉིན་གྱི་ཕྱི་དྲོར། “བུད་མེད་རྣམས་ཀྱི་བློ་ཁ་ཏང་ལ་ཕྱོགས་ནས་དགའ་སྤྲོའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པ་བསུ་བ་”ཞེས་པའི་“གསུམ་བརྒྱད་”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་དང་“སྐལ་བཟང་མེ་ཏོག་མཛེས་ཤོས་”ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྐབས་གཉིས་པ་ལྷ་ས་གྲོང་ཁྱར་དུ་འཚོགས་པ་རེད། ལྷག་པ་སྒྲོལ་དཀར་སོགས་བློ་མཐུན་30བོད་རང་སྐྱོང་ལྗོངས་ཀྱི་གསུམ་བརྒྱད་དར་དམར་བ་དང་"སྐལ་བཟང་མེ་ཏོག་མཛེས་ཤོས་"སུ་བདམས་ཐོན་བྱུང་བ་རེད།
         བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏེང་ཡེ་ཤན་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་བྱ་དགའ་བསྩལ་བ་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀརྨ་དང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ངག་དབང་མཉམ་དུ་ཚོགས་ཆེན་ལ་ཞུགས་པ་རེད།
        ཚོགས་ཆེན་ཐོག་2016ལོར་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ཀྱིས་དབུ་ཁྲིད་གནང་བའི་འོག བོད་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་རྣམས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་དང་། དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་ནན་ཏན་བྱས་ཏེ་བདག་པོའི་སྤྱོད་ཚུལ་ཐོག་ནས་མཐའ་མཚམས་བཅོས་སྐྱོང་དང་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་པའི་ལག་ལེན་རླབས་པོ་ཆེའི་ཁྲོད་དུ་ཧུར་ཐག་ཞུགས་ཏེ་ཁྱབ་ཁོངས་ཁག་དང་་འཐབ་ཕྱོགས་ཁག་གི་ཐོག་བློ་གྲོས་ཕུལ་བ་དང་འཇོན་ཐང་འདོན་སྤེལ་བྱས་ནས་བུད་མེད་ཕུལ་བྱུང་མི་སྣ་ཁག་དང་ཁག་ཐོན་ཡོད་ཅེས་བསྟན་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།