འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ཡོངས་ཁྱབ་ཏུ་ཁ་བ་ཆེན་པོ་བབས་ཤིང་ས་ཁུལ་ཁ་ཤས་སུ་
    ཁ་བ་མཐུག་ཚད་སྨི་1ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་13ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ཡོངས་ཁྱབ་ཏུ་ཁ་བ་ཆེན་པོ་བབས་ཤིང་ས་ཁུལ་ཁ་ཤས་སུ་
ཁ་བ་མཐུག་ཚད་སྨི་1ཟིན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་11ཉིན། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ས་ཆ་མང་ཆེ་བར་ཁ་བ་ཆེན་པོ་བབས་ནས་ས་ཁུལ་ཁ་ཤས་སུ་ཁ་བ་མཐུག་ཚད་སྨི་1ཟིན་པས། ལམ་དུ་འཁྱགས་པ་ཆགས་ཤིང་འཐུང་ཆུ་ཚད་བཀག་ཐེབས་པས། ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ལ་དཀའ་ངལ་ཧ་ཅང་ཆེན་པོ་བཟོས་ཡོད་པ་རེད། 
         གསར་འགོད་པས་གཞིས་ཀ་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཁ་བ་བབས་པའི་གནས་ཚུལ་ཚབས་ཆེ་བས། གཉའ་ནང་རྫོང་དང་གྲོ་མོ་རྫོང་གཉིས་ཀྱི་མཐའ་མཚམས་ས་ཁོངས་ཡོངས་དང་ལྷ་རྩེ་རྫོང་གྲའུ་སྤྱི་བདེ་ཞིབ་བཤེར་ས་ཚིགས་ནས་ཁང་དམར་རྫོང་ས་ཕུད་སྒང་སྤྱི་བདེ་ཞིབ་བཤེར་ས་ཚིགས་བར་གྱི་ལམ་མཚམས་ཕྱོགས་གཉིས་སུ་འགྲིམ་འགྲུལ་བཀག་སྡོམ་བྱས་ཡོད་པ་དང་། འགྲིམ་འགྲུལ་བཀག་སྡོམ་བྱེད་མཚམས་འཇོག་རྒྱུའི་དུས་ཚོད་ནི་གནམ་གཤིས་འགྱུར་ཚུལ་ལ་བལྟ་བ་ལས་གཏན་འབེབས་བྱས་མེད། མིག་སྔའི་བར་དུ་མི་ཕྱུགས་ཤི་རྨས་གནོད་སྐྱོན་བྱུང་བའི་ཆ་འཕྲིན་འབྱོར་མེད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ཡོངས་ཁྱབ་ཏུ་ཁ་བ་ཆེན་པོ་བབས་ཤིང་ས་ཁུལ་ཁ་ཤས་སུ་
ཁ་བ་མཐུག་ཚད་སྨི་1ཟིན་པ།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།