འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་གིས་ཆ་འཕྲིན་ཅན་འཕེལ་རྒྱས་ལ་ སྐུལ་འདེད་གཏོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་21ཉིན། 12:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་15ཉིན། ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ་དང་། ཆ་འཕྲིན་ལག་རྩལ་ཐོན་ལས་ཀྱི་མ་ལག་གསར་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ནང་སོག་རང་སྐྱོང་ལྗོངས་ཀྱི་ཆ་འཕྲིན་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱ་ཆེད། ཉིན་ཤས་གོང་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས་《ནང་སོག་རང་སྐྱོང་ལྗོངས་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་》(གཤམ་དུ་《འཆར་འགོད་》ཞེས་བསྡུ་རྒྱུ་)བཀྲམ་པ་རེད། 《འཆར་འགོད་》ནང་། 2020ལོར་སླེབས་སྐབས་ནང་སོག་རང་སྐྱོང་ལྗོངས་སྲིད་འཛིན་གྲོང་ཚོར་དྲ་ཆེན་ཤར་གཏོང་ཐུབ་པའི་བསྡུར་གྲངས་98%ཡན་ཟིན་པ་དང་། ལྗོངས་ཡོངས་ཀྱི་དྲ་སྦྲེལ་གྱི་དྲ་དམངས་ཁྱབ་ཚད་70%ཟིན་པ། གཏན་འཇགས་དྲ་ཆེན་ཁྱིམ་ཚང་དུ་ཁྱབ་ཚད་70%ཟིན་པ། ལྗོངས་ཡོངས་ཀྱི་སྤྲིན་རྩིས་གྲངས་གཞིའི་ལྟེ་གནས་ཀྱི་ཐེག་ནུས་ཞབས་ཞུའི་འཕྲུལ་ཆས་ཁྲི་300ཟིན་ནས་རྒྱལ་ཁབ་རིམ་པའི་སྤྲིན་རྩིས་གྲངས་གཞིའི་ལྟེ་གནས་ཀྱི་རྟེན་གཞིར་འགྱུར་བ་བྱ་རྒྱུ་དང་། སྲིད་འཛིན་གྱི་ཞིབ་མཆན་འགོད་པའི་བྱ་བ་དང་སྤྱི་པའི་ཞབས་ཞུ་80%ཡན་དྲ་ཐོག་ཏུ་གཉེར་ནས་སྲིད་གཞུང་གི་གྲངས་གཞི་སྤྱི་ཚོགས་སུ་རིམ་བཞིན་ཡོངས་བསྒྲགས་བྱ་རྒྱུ། སྤྲིན་རྩིས་གྲངས་གཞིའི་འབྲེལ་ཡོད་ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་1000ཟིན་པར་བྱས་ཏེ་ལོ་རེར་ཆ་སྙོམས་འཕར་ཚད་20%ཟིན་པར་བྱེད་པ་དང་དྲ་ཐོག་ཚོང་དོན་གྱི་ཉོ་ཚོང་གྲངས་འབོར་སྒོར་དུང་ཕྱུར་5800ཟིན་པར་བྱས་ཏེ་ལོ་རེར་ཆ་སྙོམས་འཕར་ཚད་30%ཡན་ཟིན་པར་བྱ་རྒྱུ་ཡིན་ཞེས་འཁོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།