འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུཌ་ཀྱིས་ཤེས་བྱའི་ཐོན་དབང་ཐད་ཀྲུང་གོར་ཐོབ་
    པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་21ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཁྱབ་པུའུ་རི་ནེ་ཝར་བཙུགས་ཡོད་པའི་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱིས་ཉིན་ཤས་གོང་ཤེས་བྱའི་ཐོན་དབང་ཐད་ཀྲུང་གོར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་རེད།
         གོང་ཚེས་ཉིན་རི་ནེ་ཝའི་དབན་གོ་ཕོ་བྲང་དུ་འཚོགས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་ཐོག་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཧྥོ་ལང་ཤིས་སི་· ཀའོ་རུའེ་ཡིས“ཀྲུང་གོའི་ལས་དོན་སྒྲུབ་ཚུལ་ཧ་ཅང་བཟང་པོ་འདུག རྒྱལ་སྤྱིའི་ཁེ་བེད་བདག་ཐོབ་འདུན་ཞུའི་ཐད་ཀྲུང་གོའི་འདུན་ཞུ་འབུལ་ཚད་ལོ་གཅིག་ནང་44%མང་དུ་སོང་ཡོད”ཅེས་བརྗོད་པ་རེད།
         རྩ་འཛུགས་དེའི་བསྡོམས་རྩིས་ལས་མངོན་པ་ལྟར་ན། 2016ལོར་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི་ཁེ་བེད་བདག་ཐོབ་ཀྱི་མཉམ་ལས་ཆིངས་ཡིག(PCT)སྒྲོམ་གཞིའི་ནང་ཀྲུང་གོས་རྒྱལ་སྤྱིའི་ཁེ་བེད་བདག་ཐོབ་ཀྱི་འདུན་ཞུ་འབུལ་ཚད་ཁྲི་4.31ཟིན་ཡོད་པ་རེད།
         ཁོང་གིས་ཚོང་རྟགས་རྒྱལ་སྤྱིའི་ཐོ་འགོད་སོགས་ཐད་བསྒྲུབས་པའི་ཀྲུང་གོའི་ལས་དོན་ལའང་ཁས་ལེན་གང་ལེགས་གནང་བ་རེད། བསྡོམས་རྩིས་ལས་མངོན་པ་ལྟར་ན། 2016ལོར་ཀྲུང་གོའི་ཚོང་རྟགས་རྒྱལ་སྤྱིའི་ཐོ་འགོད་འདུན་ཞུ་བྱེད་ཚད་དེ་འཛམ་གླིང་གི་ཨང་བཞི་པར་སླེབས་ཡོད་པ་རེད།
         ཀའོ་རུའེ་ཡིས་ཤེས་བྱའི་ཐོན་དབང་ཐད་ཀྲུང་གོར་ཐོབ་པའི་གྲུབ་འབྲས་ལ་མི་ཀུན་གྱིས་དོ་སྣང་བྱེད་ཀྱི་ཡོད། “‘ཀྲུང་གོའི་ལན་པར’ནས‘ཀྲུང་གོའི་གསར་གཏོད’བར་གྱི་བར་བརྒལ་བརྒྱུད་རིམ་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད”ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།