འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་སོ་ནམ་གྱི་ལས་སྒོ་ཆེན་མོ་དཔྱིད་རྨོས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་17ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་སུ་སོ་ནམ་གྱི་ལས་སྒོ་ཆེན་མོ་དཔྱིད་རྨོས་འགོ་ཚུགས་པ།
           མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་16ཉིན་ནི་བོད་ཀྱི་མེ་མོ་བྱ་ལོའི་ཟླ་1ཚེས་19ཉིན་མོ་རེད། ཉིན་དེར། བོད་ལྗོངས་ཀྱི་ལོ་རེའི་སྲོལ་རྒྱུན་གྱི་དཔྱིད་རྨོས་ལས་སྒོ་ཚུགས་ཏེ་ཆར་ཆུ་དུས་སུ་འབབ་པ་དང་ཞིང་ལས་ལོ་ལེགས་ཡོང་བར་སྨོན་གསོལ་འདེབས་པ་རེད། བྱེད་སྒོའི་སྐབས། གྲོང་མི་ཚོས་གཟབ་མཆོར་སྤྲས་ནས་ལྷ་དང་སྲུང་མར་མཆོད་པ་དང་། རྨོས་གཤོལ་འཛུགས་པ། ཞལ་འདོན་གསོལ་སྨོན། བྲོ་འཁྲབ་རྟེན་འབྲེལ་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།
          ཞིང་ལས་འཕྲུལ་ཆས་ཅན་གྱི་སྤུས་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས། སྟོད་ལུང་བདེ་ཆེན་རྫོང་གི་དམར་གྲོང་ཚོའི་དཔྱིད་རྨོས་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ། སྲོལ་རྒྱུན་གྱི་རྨོན་མཛོ་གཉིས་སྦྲེལ་བ་ནས་དེང་རབས་ཅན་གྱི་འཕྲུལ་ཆས་སུ་འགྱུར་ཡོད་པས། བོད་ལྗོངས་ཀྱི་ཞིང་པ་མང་པོ་ཞིག་གིས་ཚན་རྩན་ཐོན་སྐྱེད་ནུས་ཤུགས་ལ་བརྟེན་ནས་འཚོ་བ་སྔར་བས་བདེ་སྐྱིད་དང་ཕྱུག་པོར་འགྱུར་བར་བྱས་ཡོད་པ་རེད།
    ༄༅།།བོད་ལྗོངས་སུ་སོ་ནམ་གྱི་ལས་སྒོ་ཆེན་མོ་དཔྱིད་རྨོས་འགོ་ཚུགས་པ།
    ༄༅།།བོད་ལྗོངས་སུ་སོ་ནམ་གྱི་ལས་སྒོ་ཆེན་མོ་དཔྱིད་རྨོས་འགོ་ཚུགས་པ།
    ༄༅།།བོད་ལྗོངས་སུ་སོ་ནམ་གྱི་ལས་སྒོ་ཆེན་མོ་དཔྱིད་རྨོས་འགོ་ཚུགས་པ།
    ༄༅།།བོད་ལྗོངས་སུ་སོ་ནམ་གྱི་ལས་སྒོ་ཆེན་མོ་དཔྱིད་རྨོས་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།