འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བཟའ་བཅའ་རྫུས་བཟོའི་བྱེད་སྤྱོད་
    ལ་རྡུང་རྡེག་གཏོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་21ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་17ཉིན། གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2016ལོར་སྤྱི་བདེ་པུས་བཟའ་བཅའ་དང་སྨན་རྫས་ཁྱབ་ཁོངས་གཙོ་གནད་དུ་བྱས་པའི་རྫུས་མར་རྡུང་རྡེག་གཏོང་བའི“སྤུ་གྲིའི”བྱ་སྤྱོད་སྤེལ་ཏེ“ནག་ཚང་བཞི་ལ་རྡུང་རྡེག་དང་གནོད་འཚེ་བཞི་མེད་པར་བཟོ་བའི”ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་བཟའ་བཅའ་དང་སྨན་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བའི་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་ནས་ལོ་ཧྲིལ་པོར་ཁྱོན་བཟའ་བཅའི་ཉེས་གསོག་གྱོད་གཞི་ཁྲི་1.2དང་སྨན་རྫས་ཉེས་གསོག་གྱོད་གཞི་8500རྩད་ཆོད་པ་དང། སྤྱི་བདེ་པུས་སྒྲུབ་རྒྱུར་སྐུལ་བའི་གྱོད་གཞི་350ལྷག་ཙམ་ཚང་མ་རྩད་ཆོད་ནས་རྫུས་བཟོ་རྫུས་ཚོང་བྱེད་པའི་ལག་ཁྱེར་མེད་པའི་བཟོ་གྲྭ་དང་། བཟོ་ཁང་། ནག་ཚང་། ཁྲོམ་ར་བཅས་ཁག་གཅིག་དུས་ཐོག་ཏུ་མེད་པར་བཟོས་ནས་རྫུས་བཟོ་རྫུས་ཚོང་གི་ཉེས་གསོག་དྲ་རྒྱ་ནུས་ལྡན་ངང་གཏོར་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་་ལོ་ཤས་རིང་། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྡུང་རྡེག་བཅོས་སྒྲིག་གི་བྱ་སྤྱོད་རབ་དང་རིམ་པ་རྒྱུན་མཐུད་ཧུར་ཐག་སྤེལ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་མོད། འོན་ཀྱང་བཟའ་བཅའ་དང་སྨན་རྫས་ཀྱི་ཁྱབ་ཁོངས་ཀྱི་གཏིང་ཟབ་པའི་གནད་དོན་རྩ་བའི་ཐོག་ནས་ཐག་གཅོད་ཐུབ་མེད། དེར་བརྟེན་སྤྱི་བདེ་པུས་ཆེད་དོན་རྡུང་རྡེག་དང་བཅོས་སྒྲིག་ཁྲིད་སྟོན་དུ་བྱེད་པ་མཐའ་འཁྱོངས་ཀྱིས་ས་ཁུལ་ཁག་གིས་མངོན་གསལ་དོད་པའི་བཟའ་བཅའ་དང་སྨན་རྫས་ཀྱི་ཉེས་གསོག་ལ་གནད་སྨིན་ཤུགས་འདོན་བཀོད་སྒྲིག་བྱས་ནས། ཤ་སྣག་སྐྱེ་སྨན་དང་ནད་ཕོག་ནས་ཤི་བའི་ཤ་སོགས་ཀྱི་གནད་དོན་ལ་དམ་པོར་དམིགས་ནས་གནད་དོན་སླར་ཡང་མ་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།