འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་རྨོ་འདེབས་དུས་བཟང་། བོད་ལྗོངས་ཀྱི་ས་གནས་ཁག་གིས་དཔྱིད་རྨོས་བྱེད་འགོ་
    ཚུགས་པའི་མཛད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་20ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ཀྱི་རྨོ་འདེབས་དུས་བཟང་། བོད་ལྗོངས་ཀྱི་ས་གནས་ཁག་གིས་དཔྱིད་རྨོས་བྱེད་འགོ་
ཚུགས་པའི་མཛད་སྒོ་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་16ཉིན་ནི་བོད་ཟླ་དང་པོའི་ཚེས་བཅུ་དགུ་ཉིན་ཡིན་ཞིང་། དེ་ནི་བོད་ཀྱི་རྨོ་འདེབས་བྱེད་འགོ་ཚུགས་པའི་ཚེས་བཟང་ཡིན་པས། བོད་ལྗོངས་ས་གནས་ཁག་གིས་རྨོ་འདེབས་བྱེད་འགོ་ཚུགས་པའི་མཛད་སྒོ་གཟབ་རྒྱས་ངང་སྤེལ་བཞིན་ཡོད། ཉིན་དེར། ཞིང་ཁར་བསང་མཆོད་འབུལ་ཞིང་། ས་གནས་དེ་གའི་ཞིང་པ་ཚོས་ལུས་ལ་གཟབ་མཆོར་སྤྲས་ཏེ་ལག་ཏུ་ཕྱེ་མར་བཟུང་ནས་ཞིང་ཁ་རུ་འདུ་འཛོམས་བྱས་ནས་དཔྱིད་རྨོས་བྱེད་འགོ་ཚུགས་པའི་མཛད་སྒོ་སྤེལ་བ་རེད། ཞིང་ཁར་བསང་དུད་སྔོ་སང་སང་འཁྲིགས་པ་དང་དུས་མཉམ་དུ་དངུལ་མདོག་ཅན་གྱི་གཤོལ་ལྕགས་དགུན་དུས་གང་བོར་ཉལ་བའི་ས་གཞིར་གཏིང་ཟབ་པོ་སློག་སྐབས་གྲོང་མི་ཚོས་ལོ་གསར་པའི་ནང་གི་ནས་སོན་དང་པོ་འདེབས་གང་ཐུབ་བྱེད་པ་དང་། མཉམ་གཅིག་ཏུ་འབྲུ་རིགས་སྣ་ལྔ་ལོ་ལེགས་འབྱུང་བའི་སྨོན་འདུན་ཞུ་བཞིན་ཡོད།
         ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱིས་ཁྱོན་ཡོངས་ནས་ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་གཟིགས་སྐྱོང་གི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱས་པས། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ལེགས་བཅོས་བྱུང་བས། འཚོ་བ་སྐྱེལ་སྟངས་ལའང་འགྱུར་ལྡོག་གལ་ཆེན་བྱུང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་ཧུར་ཐག་བྱེད་སེམས་དང་སྤྲོ་སེམས་ཆེ་རུ་ཆེན་པོ་ཕྱིན་ནས་གྲོང་གསེབ་དང་འབྲོག་ཁུལ་དུ་རྣམ་པ་གསར་པར་གྱུར་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།བོད་ཀྱི་རྨོ་འདེབས་དུས་བཟང་། བོད་ལྗོངས་ཀྱི་ས་གནས་ཁག་གིས་དཔྱིད་རྨོས་བྱེད་འགོ་
ཚུགས་པའི་མཛད་སྒོ་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།