འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མཐོ་གསར་ཁེ་ལས་ཕ་ཁི་སི་ཐན་རྒྱལ་སྤྱིའི་བསྐྱར་སྐྱེས་ནུས་རྒྱུ་འགྲེམས་སྟོན་
    ནང་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་21ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་18ཉིན་དུས་ཡུན་ཉིན་གསུམ་ཡིན་པའི་ཕ་ཁི་སི་ཐན་གྱི་སྐབས་དྲུག་པའི་རྒྱལ་སྤྱིའི་བསྐྱར་སྐྱེས་ནུས་རྒྱུ་འགྲེམས་སྟོན་དེ་ཕང་ཀྲི་ཕུའུ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ལ་ཧོར་དུ་མཇུག་འགྲིལ་བ་རེད། ཀྲུང་གོ་ལྕགས་རིགས་ཚོགས་པ་ཚད་ཡོད་ཀུང་སི་དང་པོ་སོགས་འགྲེམས་སྟོན་ནང་ཞུགས་པའི་ཀྲུང་གོའི་མཐོ་གསར་ལག་རྩལ་གྱི་ཁེ་ལས་19ལ་ཀུན་གྱི་དོ་སྣང་ཆེན་པོ་ཐོབས་ནས་འགྲེམས་སྟོན་ནང་གི་བཀྲག་མདངས་འཚེར་ས་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད།
         འགྲེམས་སྟོན་ནང་འོད་ཤུགས་གློག་གཏོང་དང་། རིག་ནུས་ཐོན་ཁུངས་ཐག་གཅོད་ཀྱི་ཇུས་གཞི་དང་ལག་རྩལ། ཐོན་ཁུངས་གསོག་འཇོག་མ་ལག་དང་བསྐྱར་སྐྱེས་ནུས་རྒྱུའི་ཚ་དྲོད་མཁོ་འདོན་བཅས་གཙོ་བོར་བཟུང་ནས་བསྟན་ཞིང་། ཀྲུང་གོ་དང་། ཨ་རི། རི་པིན། འཇར་མན། ཧན་གོ མ་ལེ་ཞི་ཡ་སོགས་རྒྱལ་ཁབ་ཀྱི་ཁེ་ལས་50ལྷག་ཙམ་འགྲེམས་སྟོན་ནང་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།