འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་སྲིད་པུའི་པུའུ་ཀྲང་ཧོང་ཧྲུའུ་ཤན་གྱིས་རྒན་གསོའི་ཁྲོམ་ར་གཏོད་དེ་རྒན་གསོ་ཁང་
    གི་སྤུས་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་11ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའིའ་འཕྲིན། ཟླ་3ཚེས་8ཉིན་དམངས་སྲིད་པུའི་པུའུ་ཀྲང་ཧོང་ཧྲུའུ་ཤན་གྱིས“ཚོགས་འདུ་གཉིས་ཀྱི་པུའུ་ཀྲང་བགྲོད་ལམ”ཐོག་གསར་འགོད་པའི་དྲི་བར་ལན་སྐྱོན་སྐབས། རྒན་གསོ་ཁང་སྐྲུན་མགྱོགས་སུ་བཏང་ནས་རྒན་གསོའི་ཁྲོམ་ར་གཏོད་དེ་རྒན་གསོ་ཁང་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།
         ཁོང་གིས་མིག་སྔར་རྒན་གསོ་ཁང་མང་པོ་མེད་པ་དང་སྤུས་ཚད་མཐོ་པོ་མེད་པའི་གནད་དོན་ཡོད་པས། ཕྱོགས་གཅིག་ནས་རྒན་གསོ་ཁང་སྐྲུན་མགྱོགས་སུ་བཏང་ནས་རྒན་གསོའི་ཁྲོམ་ར་གཏོད་དེ་ཕྱོགས་ཁག་གི་རྒན་གསོའི་ཞབས་ཞུའི་ཚན་པ་དང་ཚོགས་པས་རྒན་གསོའི་སྒྲིག་གཞི་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་དམངས་སྲིད་པུས་རྒན་གསོ་ཁང་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་རེད་ཅེས་གསུངས་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།