འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའི་པུའུ་ཀྲང་ཅང་ཏ་མིང་གིས་ཁང་པའི་རིན་གོང་འཕར་བའི་
    གནོན་ཤུགས་ཆེ་བའི་གྲོང་ཁྱེར་ལ་ལུགས་མཐུན་ངང་ཁང་ས་མཁོ་སྤྲོད་བྱེད་མང་དུ་
    གཏོང་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་11ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་8ཉིན་གྱི་ཕྱི་དྲོ“ཚོགས་འདུ་གཉིས་ཀྱི་པུའུ་ཀྲང་བགྲོད་ལམ”ཐོག་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་ཅང་ཏ་མིང་གིས། ཁང་པའི་རིན་གོང་འཕར་བའི་གནོན་ཤུགས་ཆེ་བའི་གྲོང་ཁྱེར་ལ་ལུགས་མཐུན་ངང་ཁང་ས་མཁོ་སྤྲོད་བྱེད་མང་དུ་གཏོང་བ་དང་། མཛོད་ཉར་འཕྲི་བའི་ལས་འགན་ལྕི་བའི་གྲོང་ཁྱེར་ལ་ཁང་ས་མཁོ་སྤྲོད་ཉུང་དུ་དང་མཁོ་སྤྲོད་བྱེད་མཚམས་འཇོག་དགོས་ཞེས་གསུངས་པ་རེད།
         “མཛོད་ཉར་འཕྲི་བ་དང་མཁོ་སྤྲོད་བྱེད་མང་དྲགས་པ་སྔོན་འགོག་བྱ་རྒྱུ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། ས་གནས་མི་འདྲ་བར‘རིགས་དབྱེའི་དོ་དམ་དང་གྲོང་ཁྱེར་དང་བསྟུན་ནས་བྱ་ཐབས་ལག་བསྟར་བྱེད་པ’དང་གཙོ་གནད་གྲོང་ཁྱེར་ལ‘གྲོང་ཁྱེར་གཅིག་ལ་བྱ་ཐབས་གཅིག་དང་དམིགས་སར་བཅོས་སྒྲིག’བྱེད་དགོས”ཞེས་ཅང་ཏ་མིང་གིས་གསུངས།
         ཁོང་གིས་ས་ཆའི་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་ས་ཆ་འུད་སྒྲོག་བྱེད་པའི་སྐབས་བསྟུན་བྱེད་སྤྱོད་བཀག་འགོག་བྱེད་དགོས། ཁང་སས་སྡོད་སའི་ཁང་པ་ཡོད་པ་བྱེད་པ་ལས་འུད་སྒྲོག་བྱེད་མི་རུང་ཞེས་གསུངས།
         ལོ་70ཡི་ཁང་སའི་དབང་ཆ་ཐིམ་རྗེས་མུ་མཐུད་གན་རྒྱ་འཇོག་པའི་གནད་དོན་ལ་ལན་སྐྱོན་སྐབས། ཅང་ཏ་མིང་གིས“ང་ཚོས་སྔར་བས་བརྟག་ཞིབ་བྱེད་བཞིན་ཡོད་ལ། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གྲོས་འགོ་ཡང་ཧུར་ཐག་འདོན་རྒྱུ་ཡིན། ཚང་མ་བློ་བདེ་པོ་བྱེད་རོགས། གྲོང་མིས་སྡོད་ཁང་ཉོས་ཚེ། དེའི་རྒྱུ་ནོར་ལ་བཅའ་ཁྲིམས་ཀྱི་འགན་སྲུང་ནུས་ལྡན་ཐུབ་རྒྱུ་རེད”ཅེས་གསུངས།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།