འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།“ཚད་ལོན་པའི་དབུ་ཆེན་ནི་ལས་ཀར་བརྟེན་ནས་ཐོན་པ་ཞིག་ལས་དཔྱད་འདེམས་
    བྱས་ནས་ཐོན་པ་ཞིག་མིན”

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་11ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “ཚད་ལོན་པའི་དབུ་ཆེན་ནི་ལས་ཀ་ལ་བརྟེན་ནས་ཐོན་པ་ཞིག་ལས། དཔྱད་འདེམས་བྱས་ནས་ཐོན་པ་ཞིག་མིན”རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲུང་ཆིང་ཨར་སྐྲུན་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སི་གསུམ་པའི་ལས་མི་ལིའུ་ཀྲུང་ཅུན་གྱིས“ལྕགས་རྩིབས་བཟོ་པས་མེ་སྟག་མཆེད་བཞིན་ལྕགས་རྩིབས་བཟོ་བ་དང་། ཐིག་ལེན་བཟོ་པས་མིག་ལྟ་ཙམ་བྱས་ནས་སྔོན་རྩིས་བྱས་པའི་གྲངས་གཞི་དེ་ཡོ་ཆས་ཀྱི་ཚད་ལེན་བྱས་པ་དང་སྤྱིར་གཅིག་པ་ཡིན་པ་རེད། ལག་ཤེས་དེ་ལྟ་བུ་ཡོད་པའི་ཞིང་པ་ལས་མི་དབུ་ཆེན་བྱས་ཆོག”ཅེས་གསུངས། ལིའུ་ཀྲུང་ཅུན་གྱི་ལས་ཀ་གཙོ་བོ་ནི་ཨར་འདམ་གྱི་ཀ་གདུང་ལ་ཆུ་རྒྱག་རྒྱུ་དེ་རེད། ཁོང་གིས་ལོ་20ལྷག་ཙམ་རིང་ལས་ཀ་སྣ་ཚོགས་བྱེད་མྱོང་ཡོད། ཁོང་གིས་བཟོས་པའི་ཨར་འདམ་ཀ་གདུང་གི་བཟོ་ལྟ་འགྱུར་བ་སོགས་ཀྱི་གནས་ཚུལ་སྤྱིར་ཐོན་མྱོང་མེད། ཨར་འདམ་གྱི་ཀ་གདུང་འཇམ་ལ་ཁོད་སྙོམས་པོ་ཞིག་ཡོད།
         “མི་གཅིག་ཕྱུག་པོ་ཆགས་རུང་ཕྱུག་པོར་མི་བརྩི་བ་དང་། མང་ཚོགས་མཉམ་དུ་ཕྱུག་པོ་ཆགས་ན་ཕྱུག་པོ་དངོས་ཡིན”རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བོད་ལྗོངས་བྱ་དེ་གསོ་ཚགས་ཆེད་ལས་དུད་ཚང་ཡེ་ཤེས་སྒྲོལ་དཀར་གྱིས“མང་ཚོགས་དེ་བས་མང་བའི་སྣེ་འཁྲིད་དེ་ཕྱུག་པོ་ཆགས་པ་བྱ་རྒྱུ་དེ་ངའི་རེ་བ་ཆེ་ཤོས་ཡིན”ཞེས་གསུངས། ཡེ་ཤེས་སྒྲོལ་དཀར་ཆུང་དུས་ཁྱིམ་ཚང་ནང་མི་མང་བས་འཚོ་བ་ཧ་ཅང་ཁག་པོ་ཡོད། ན་གཞོན་གྱི་དུས་སུ་ཁོང་ནང་སར་སྐྱོད་དེ་ཚོང་ཙག་ཙིག་རྒྱག་མྱོང་ཡོད། 2003ལོར་ཕ་ཡུལ་བོད་ལྗོངས་ལྷོ་ཁར་ཕྱིར་ལོག་བྱས་ནས་ཆེད་ལས་གསོ་ཚགས་མཉམ་ལས་ཁང་བཙུགས་པས། ད་ཆ་ལོར་བཤས་བྱ་ཁྲི་བརྒྱ་ལྷག་ཙམ་ཐོན་པ་དང་། མཉམ་ལས་ཁང་གི་ཁོངས་མིའི་སྣེ་འཁྲིད་དེ་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་13000ལྷག་ཙམ་ཡོང་གི་ཡོད་པས། བོད་ཀྱི“བྱ་དེ་གསོ་མཁན་བུད་མེད་ནོར་བདག”ཅེས་བརྗོད་ཀྱི་ཡོད།
         “ཁོར་ཡུག་ནི་གྲོང་ཁྱེར་གྱི་མིང་བྱང་ཡིན་པས། མིང་བྱང་དེ་ལྷད་མེད་ཅིག་ཡོང་བ་བྱེད་པར་གྲོང་ཁྱེར་འཕྲོད་བསྟེན་བཟོ་པ་ཁོ་ནར་བརྟེན་མི་རུང”རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཐེན་ཅིན་པིང་ཧའེ་ཁུལ་གསར་ཐང་ཀུའུ་གྲུ་ཁ་གསར་པའི་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་དོ་དམ་ལྟེ་གནས་ཀྱི་འཐབ་ས་དང་པོའི་གཞུང་ལམ་གད་ཕྱིས་པན་གྱི་པན་ཀྲང་ཞུའེ་ཧའེ་དབྱིང་གིས་རང་ཉིད་ཀྱིས་ཁོར་ཡུག་འཕྲོད་བསྟེན་བཟོ་པའི་ལས་གནས་ཐོག་ལས་ཀ་ལོ་20ལྷག་ཙམ་བྱས་པ་དང་དུས་ཡུན་རིང་པོ་ཕྱི་རོལ་ཡུལ་དུ་ལས་ཀ་བྱས་སྟབས་ཐོག་བརྩེགས་ཁང་ཆེན་ཧ་ཅང་མང་པོ་བསྐྲུན་པ་དང་རླངས་འཁོར་ཇེ་མང་དུ་འགྲོ་གི་ཡོད་རུང་མཁའ་རླུང་ཇེ་ཞན་དུ་འགྲོ་བཞིན་ཡོད་པ་མིག་མཐོང་ལག་ཟིན་བྱུང་། ཉེ་དུས་སྲིད་གཞུང་གིས་སེར་རྟགས་རླངས་འཁོར་བེད་མེད་དུ་བཏང་བ་དང་ཤོག་སྦག་སྤོར་རྒྱུར་དོ་དམ་ཚོད་འཛིན་བྱེད་པ་སོགས་བྱེད་ཐབས་སྤྱད་པ་ལས་མཁའ་རླུང་ཅུང་ཟད་ལེགས་སུ་འགྲོ་བཞིན་ཡོད། སྲིད་གཞུང་གིས་ཐབས་ལམ་དེ་བས་མང་བ་སྤྱད་དེ་ཁོར་ཡུག་སྲུང་སྐྱོང་བྱེད་པ་མ་ཟད། མང་ཚོགས་ཀྱིས་ཀྱང་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་མང་ཙམ་སྒྲུབ་དགོས་པ་དཔེར་ན་རླངས་འཁོར་ཉུང་ཙམ་གཏོང་བ་དང་སྤྱི་སྤྱོད་རླངས་འཁོར་ལ་མང་ཙམ་སྡོད་པ་སོགས་བྱ་རྒྱུའི་གྲོས་འགོ་བཏོན་ཡོད།
         “སྨན་བཅོས་བདེ་ཐང་ལས་རིགས་ནང་སླེབས་ན་དངུལ་སྨར་མགྱོགས་མྱུར་རག་གི་ཡོད་པའི་བསམ་བློ་གཏོང་མི་རུང”རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཕུའུ་ཅན་ཞིང་ཆེན་གཞུང་འཛུགས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཝུང་གོ་ཤིན་གྱིས་དམངས་ཁྲོད་མ་རྩ་དང་ཕྱི་རྒྱལ་གྱི་མ་རྩ་རྒྱལ་ནང་གི་སྨན་བཅོས་ཁྲོམ་རར་འཇོག་ཐུབ་པ་བྱེད་པ་ནི་བྱ་བཟང་ཡིན། སྨན་བཅོས་ཐོན་ཁུངས་གཞུང་བཙུགས་སྨན་ཁང་དུ་ཚད་བརྒལ་གྱིས་གཅིག་སྡུད་བྱེད་པའི་རྣམ་པ་ཆགས་ནས་མི་སེར་གྱི་ཉིན་རེ་བཞིན་སྣ་མང་ཅན་དུ་འགྲོ་བའི་སྨན་བཅོས་བདེ་ཐང་གི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་མོད། འོན་ཀྱང་ས་ཁང་བདག་ཁོངས་གསར་སྤེལ་བྱེད་པ་ལྟར་དངུལ་སྨར་མགྱོགས་མྱུར་གསོག་ཐུབ་པ་བྱེད་པའི་བསམ་བློ་འཁྱེར་མི་རུང་ཞེས་གསུངས། 
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།