འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅༎མི་སྤྱི་པུའི་པུའུ་ཀྲང་དབྱིན་ཝུའེ་མིང་གིས་བྱ་ཐབས་སྣ་མང་སྤྱད་དེ་མི་ཁྲི་སྟོང་ཙམ་ལས་
    ཞུགས་ཐུབ་པའི་དམིགས་ཚད་ལེགས་སྒྲུབ་བྱ་རྒྱུ་ཡིན་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་11ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་8ཉིན་མི་སྤྱི་པུའི་པུའུ་ཀྲང་དབྱིན་ཝུའེ་མིང་གིས“ཚོགས་འདུ་གཉིས་ཀྱི་པུའུ་ཀྲང་བགྲོད་ལམ”ཐོག་འདི་ལོའི་ལས་ཞུགས་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་བས། བྱ་ཐབས་སྣ་མང་སྤྱད་དེ་འདི་ལོ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་1100ཡན་གསར་འཕར་ཡོང་བའི་དམིགས་ཚད་བདེ་བླག་ངང་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཁོང་གིས་ད་ཡོད་ཀྱི་གནད་དོན་ཐག་གཅོད་བྱེད་པར་ངེས་པར་དུ་ཕྱོགས་བསྡུས་བྱེད་ཐབས་སྤྱོད་པ་དང་གནད་སྨིན་ཤུགས་འདོན་བྱེད་དགོས། “ང་ཚོས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ་ལས་ཞུགས་འཕར་བའི་བར་མཐོངས་གསར་པ་གཏོད་རྒྱུ་དང་། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་ནས་ལས་ཞུགས་བྱེད་འདོད་ཡོད་པའི་མཐོ་སློབ་སློབ་ཐོན་སློབ་མ་ཚང་མ་ལོ་མཇུག་གོང་གཞི་རྩའི་ཆ་ནས་ལས་ཞུགས་ཐུབ་པ་བྱ་རྒྱུ། དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ལས་ཞུཌ་འགན་ལེན་བྱས་ཏེ་ལས་སྒྱུར་ལས་བཟོ་ལས་སྒྱུར་བྱས་ཀྱང་ལས་གནས་མི་ཤོར་བ་བྱེད་པ་དང་ལས་ཞུགས་མེད་པའི་ཁྱིམ་ཚང་ཚང་མའི་ནང་ནས་མི་གཅིག་ལ་ལས་ཀ་བརྟན་པོ་ཞིག་ཡོད་པའི་འགན་ལེན་བྱེད་པ་དང་ཕྱི་ཕྱོཌ་སུ་ལས་ཞུགས་བྱེད་བཞིན་པའི་ཞིང་པ་ལས་མི་ཕ་ཡུལ་དུ་བྱ་གཞག་གཏོད་པར་ཡོང་རྒྱུར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱ་རྒྱུ་བཅས་ཡིན”ཞེས་གསུངས་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།