འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ལེ་པ་ནོན་དུ་བསྐྱོད་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔོན་དམག་ལ་མཉམ་འབྲེལ་རྒྱལ་
    ཚོགས་ཀྱི“ཞི་བདེའི་གཟི་ལེ་པ་ནོན་དུ་བསྐྱོད་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔོན་
    དམག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི“ཞི་བདེའི་གཟི་བརྗིད་
    རྟགས་མ”ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་11ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་8ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ལེ་པ་ནོན་དུ་བསྐྱོད་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་15པར་བྱས་རྗེས་རྟགས་མ་སྤྲོད་པའི་མཛད་སྒོ་ལེ་པ་ནོན་གྱི་ལྷོ་རྒྱུད་ཤིན་ཉི་ཡ་གྲོང་ཚོའི་ནུས་མང་བཟོ་སྐྲུན་དམག་དཔུང་ཡན་ལག་རུ་ཁག་དམག་སྒར་དུ་གཉེར་བ་རེད། ཞི་བདེ་སྲུང་སྐྱོང་དཔོན་དམག་410ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི“ཞི་བདེའི་གཟི་བརྗིད་རྟགས་མ”ཐོབ་པ་རེད།
         ཉིན་དེར་ལེ་པ་ནོན་ལྷོ་རྒྱུད་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེའི་ཚན་མོ་ཀྲང་དང་ཀྲུན་ཅང་ཕི་ཨེར་དང་། ལེ་པ་ནོན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཁེ་ཅན། ལེ་པ་ནོན་གྱི་དམག་ཕྱོགས། ས་གནས་དེ་གའི་སྲིད་གཞུང་བཅས་ཀྱི་འཐུས་མི་200ལྷག་ཙམ་མཛད་སྒོར་ཞུགས་པ་རེད།
         ཕི་ཨེར་གྱིས་བྱས་རྗེས་རྟགས་མ་སྤྲོད་པའི་མཛད་སྒོའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སིའི་ཚབ་ཞུས་ནས་ཤིས་ཚིག་སྒྲོན་པ་རེད། ཁོང་གིས་ལེ་པ་ནོན་དུ་བསྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔོན་དམག་ཁག་15པས་ལེ་པ་ནོན་གྱི་ཞི་བདེའི་བྱ་གཞག་ལ་ཕུལ་བྱུང་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་བྱས་པ་དང་འབྲེལ། ཀྲུང་གོས་ཡུན་རིང་ནང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་ཐད་ནུས་པ་གལ་ཆེན་བཏོན་པར་ཚད་མཐོའི་བསྔགས་བརྗོད་བྱས་པ་རེད། ཁོང་གིས“བཀོད་འདོམས་པ་དང་ཧྲང་ཞའོ་ཕུའུ་དབྱིའི་བཀོད་འདོམས་ནུས་ལྡན་འོག་ཀྲུང་གོའི་ཡན་ལག་རུ་ཁག་གིས་ཆེད་ལས་ཅན་གྱི་དམག་དོན་བྱང་ཚད་དང་། ལས་ཀའི་ཚད་གཞི་ལེགས་ཤོས། ལས་ཆོད་ཆེ་བའི་ལས་སྒྲུབ་ནུས་པ། དམ་ནན་གྱི་སྤྱོད་ཚུལ་དང་སྒྲིག་ཁྲིམས། རང་དོན་རྒྱབ་སྐྱུར་གྱི་ལེགས་སྐྱེས་སྙིང་སྟོབས་བཅས་ཐོག་ནས་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་བྱས་པ་དང་། ལེ་པ་ནོན་ལྷོ་རྒྱུད་ཀྱི་ཞི་བདེར་ནམ་ཡང་མི་ནུབ་པའི་བྱས་རྗེས་བཞག་པ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཆུ་ཚད་མཐོ་པོ་གང་ལེགས་མངོན་པ་བཅས་བྱས་ཡོད”ཅེས་བཤད་པ་རེད།
         ཟླ་3ཚེས་8ཉིན་ལེ་པ་ནོན་ལྷོ་རྒྱུད་ཀྱི་གྲོང་ཁྱེར་ཤིན་ཉི་ཡར་ལེ་པ་ནོན་ལྷོ་རྒྱུད་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེའི་ཚན་མོའུ་ཀྲང་ཀྲུན་ཅང་དམག་དཔོན་ཕི་ཨེར་(མདུན་གྱི་གཡོན་)གྱིས་གཟེངས་རྟགས་སྤྲོད་པའི་མཛད་སྒོའི་ཐོག་ལི་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་15པའི་བཀོད་འདོམས་དཔོན་ཧྲང་ཤོའོ་དམག་དཔོན་ཕུའུ་དབྱི་(མདུན་གྱི་གཡས་)ལ་གཟེངས་རྟགས་སྤྲོད་པའི་གནས་ཚུལ་ཡིན་པ།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།