འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་གསེབ་ཀྱི་དགེ་རྒན་ཁྲི་129.5ལ་འཚོ་བའི་ཁ་གསབ་ཀྱི་ཕན་པ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་07ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། 2016ལོར་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་སྲིད་ཇུས་ལོངས་སྤྱོད་བྱེད་མཁན་ཞིང་ཆེན་22ཀྱི་རྫོང་708ཁྲོད་རྫོང་684ལ་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་ལག་བསྟར་བྱས་པ་དེ་96.6%ལ་ཁྱབ་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་14.6མང་དུ་ཕྱིན་ཡོད། ཕན་པ་ཐོབ་མཁན་སློབ་གྲྭ་ཁྲི་8.1དང་གྲོང་གསེབ་ཀྱི་དགེ་རྒན་ཁྲི་129.5ཡོད་པ་དེ་ན་ནིང་ལས་སློབ་གྲྭ་ཁྲི་1.4དང་དགེ་རྒན་ཁྲི་34.6སོ་སོར་མང་དུ་ཕྱིན་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གསོ་པུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱེད་པ། ལྟ་སྐུལ་ཞིབ་བཤེར་བྱེད་པ། བརྡ་ཁྱབ་གཏོང་བ་སོགས་བྱ་ཐབས་སྣ་ཚོགས་སྤྱད་དེ་ས་གནས་ཀྱི་གཏོང་ཆ་གཏོང་ཤུགས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ཚད་གཞི་མཐོ་རུ་དང་ཁྱབ་རྒྱ་ཆེ་རུ་བཏང་ནས་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་ལག་བསྟར་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་གྲོང་གསེབ་དགེ་རྒན་གྱི་ལས་རིགས་ཐད་ཡིད་དབང་འཕྲོག་ཤུགས་སྔར་བས་ཆེ་རུ་ཕྱིན་ནས་ས་གནས་ཁག་གཅིག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་དགེ་རྒན་གྲོང་གསེབ་སློབ་གྲྭར་དགེ་རྒན་བྱེད་པར་སྐྱོད་མཁན་ཇེ་མང་དུ་འགྲོ་བའི་དགའ་འོས་པའི་རྣམ་པ་བཟང་པོ་ཞིག་ཐོན་ཡོད་པ་རེད།
         ཁ་གསབ་ཚད་གཞི་ཟམ་མི་ཆད་པར་མཐོ་རུ་བཏང་ཞིང་། 2016ལོར་ས་གནས་ཁག་གིས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་44.3བཏང་བ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་9.9འཕར་ཏེ་འཕར་ཚད་28.8%ཟིན་ཡོད་པ་རེད། ཀྲུང་དབྱང་གིས་བྱ་དགའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་29.8བཏང་བ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་7འཕར་ཡོད། མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར་284ཟིན་པ་དེ་2015ལོ་ལས་སྒོར་22འཕར་ཡོད། ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་རྫོང་ཡོད་པའི་ཞིང་ཆེན་22ནང་ཞིང་ཆེན་18ཀྱིས་ཁ་གསབ་ཚད་གཞི་མཐོ་རུ་བཏང་བའི་ཁྲོད་ཤིན་ཅང་འཛུགས་སྐྲུན་པིང་ཐོན་དང་། ཉིང་ཞ། སི་ཁྲོན། མཚོ་སྔོན། ཧུའུ་ནན་སོགས་སུ་མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་མཐོ་ཙམ་ཡོད་པ་རེད།
         ལག་བསྟར་ཁྱབ་ཁོངས་རིམ་བཞིན་རྒྱ་ཆེར་བཏང་ཞིང་། ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་པའི་ཞིང་ཆེན་མང་ཆེ་བས་ཡུག་སྦྲེལ་མིན་པའི་དམིགས་བསལ་དཀའ་ངལ་ཡོད་པའི་རྫོང་ཡང་ལག་བསྟར་ཁྱབ་ཁོངས་ནང་བཅུག་པ་དཔེར་ན། ཀོང་ཤིས་དང་ཉིང་ཞ་རུ་རྫོང(གྲོང་ཁྱེར་དང་ཆུས)ཚང་མར་ཁྱབ་པ་དང་། ཁྲུང་ཆིང་དུ་གྲོང་ཁུལ་གཙོ་བོ་དང་ཁུལ་གསར་ཕུད་པའི་རྫོང་དང་ཆུས་ཚང་མར་ཁྱབ་པ། ཧུའུ་ནན་དུ་རྫོང(གྲོང་ཁྱེར་དང་ཆུས)83ལ་ཁྱབ་པ། ཀན་སུའུ་ཡིས་ཞིང་ཆེན་གྱི་དབུལ་པོའི་རྫོང་17ལག་བསྟར་ཁྱབ་ཁོངས་ནང་འཇུག་རྒྱུ་རེད། 
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།